Monday, 28 March 2016

༄༅། །གྲོགས་པོ་འཁོར་ལོ་ལ་སྤྲིངས་པའི་འཕྲིན། འོས་སྦྱོར།


མཛེས་སེ།
གྲོགས་པོ་འཁོར་ལོ་ལགས། ཉེ་ལམ་སྐུ་ཁམས་གསལ་དྭངས་ཡིན་ཤག  
       

དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་ཟླ་ ༡༠ ཚེས་ ༢༩ཉིན་ཏེ། གྲོགས་པོ་ཁྱེད་རང་ངོ་ཤེས་ནས་ཏག་ཏག་ལོ་ངོ་ཉི་ཤུ་འགོར་བ་རེད།འུ་གཉིས་ཀ་ངོ་ཤེས་པ་དང་གྲོགས་པོར་གྱུར་ནས་ད་ལྟའི་བར་དུ་ངས་ཁྱེད་ལ་འཕྲིན་ཡིག་གཅིག་ཀྱང་བྲིས་མ་མྱོང་ཞིང་འདི་ནི་ཐེངས་དང་བོ་ཡིན་པས་ཁྱེད་རང་ཡ་མཚན་སྐྱེ་སྲིད།གལ་ཏེ་ཁྱེད་ཀྱིས་སྤྲིངས་པའི་འཕྲིན་ཡིག་ཅིག་གློ་བུར་དུ་འབྱོར་ཚེ་ངའང་ཡ་མཚན་སྐྱེ་སྲིད་པ་ཁོ་ཐག་རེད། རྒྱུ་མཚན་ནི་ད་ལྟའི་དུས་སྐབས་འདི་ལ་དཀར་འཇམ་ཤོག་གུའི་ངོས་ལ་ཡི་གེ་ནག་ཆུང་བྲིས་ཏེ་ཕན་ཚུན་འཕྲིན་ཡིག་བསྐུར་མཁན་ཧ་ཅང་ཉུང་བས་སོ།།

Tuesday, 1 March 2016

འཇིག་པ་མེད་པའི་གླུ།



བདུད་བྷེ་ལགས་བཞུད་སོང་།
ཁོང་གི་འཇིག་པ་མེད་པའི་གླུ་ལུས་སོང་།

<གངས་ལྗོངས་ཁུ་བྱུག་སྔོན་མོ་>བཞུད་སོང་།
<གངས་ལྗོངས་ནས་འོང་བའི་སྤུན་ཟླ་>ལུས་སོང་།
<སྐལ་བཟང་ལྷ་མོ་>ལུས་སོང་།
<ཚེ་རིང་མཚོ་མོ་>ལུས་སོང་།
མདོར་ན། ཁྱོད་ཀྱི་ན་ཟུག་ལུས་སོང་།

ཁ་ཚ་དགོས་གཏུགས་ཀྱི་གཏམ།


༄༅། །ཕྱི་ ཟླ་ ༠༢ ཚེས་ ༢༩ སྟེ་ཁ་སང་ཕྱི་དྲོར་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་ཨ་རིའི་རླུང་འཕྲིན་ཁང་གིས་བཀོད་སྒྲིག་འོག་མ་འོངས་པའི་སྲིད་སྐྱོང་འོས་མི་གཉིས་སྡིངས་ཆ་གཅིག་ཏུ་གདན་འདྲེན་གྱིས་བགྲོ་གླེང་གནང་ཐུབ་བྱུང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ལས་འོས་མེད་མོད།
སྤྱིའི་ཆ་ནས་མང་ཚོགས་རྣམས་དངོས་སུ་མཉམ་ཞུགས་བྱེད་མ་ཆོག་པ། བརྙན་འཕྲིན་བརྒྱུད་ཐད་གཏོང་བྱེད་མ་ཐུབ་པ། ཐ་ན་དེར་ཕེབས་ཚོགས་སྐྱིད་ཁག་གི་སྐུ་ཚབ་ཉིས་བརྒྱ་མ་ཟིན་ཚོར་དྲི་བ་ཙམ་ཡང་འདོན་དབང་མ་གནང་པ་སོགས་ནི་ཅུང་ཟད་འདོད་བློ་མ་ཁེངས་པ་ཞིག་བྱུང། དེ་དང་དེ་དག་ནི་དམངས་དང་གཞུང་། ཐ་ན། འབངས་དང་ཚོགས་སྐྱིད་ཁག་གི་བར་དུ་ཧེ་བག་ཤོར་བྱེད་ཀྱི་རྒྱུ་ཁོ་ནའོ།།

Friday, 19 February 2016

ཞོགས་ལྗང་ལ་ཁྲིམས་ཐག་བཅད་ཅིང་སླར་ཡང་ཞུ་གཏུག



༄༅། །བོད་ཀྱི་རྩོམ་པ་པོ་དང་མང་གཙོ་དོན་གཉེར་བ་ཞོགས་ལྗང་ལགས་ཀྱི་དངོས་མིང་ལ་འབྲུག་དཀར་རྒྱལ་ལམ་འབྲུག་ལོ་ཟེར་བ་དང་།
ཕྱི་ལོ་ ༡༩༨༤ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༣ ཡིན་འདུག ཁོང་གི་ཕ་ཡུལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་རྒྱ་ཡུལ་ཚོ་ཁ་གྱ་སྡེ་བ་ཡིན་ཞིང་། ཁོང་གི་ཕ་ཚབ་ཀྱི་མིང་ལ་རྟ་མགྲིན་དང་མ་མིང་ལ་ལྷ་མོ་སྐྱིད་ཟེར་གྱི་ཡོད་འདུག ཁོ་རང་སློབ་ཆེན་ཐོན་རྗེས་ཤེས་ཡོན་གྱི་ལས་ཀ་ཙག་ཙིག་རེ་བྱས་ཏེ་རང་འཚོ་བྱས་ཡོད་པ་དང་། ད་ལྟ་ཁོ་རང་གི་ནང་དུ་སྐྱེས་དམན་དང་ཕྲུ་གུ་ལོ་ན་ ༤ ལ་སོན་མ་ཐག་པའི་ཕྲུ་གུ་གཅིག་ཡོད་ཅིང་དེའི་མིང་ལ་རང་དབང་ལ་དགའ་བཞེས་བཏགས་ཡོད་འདུག

Tuesday, 17 November 2015

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ།


ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་དུ་ཡོད་པའི་ཀིརྟིའི་དགེ་རྩ་ཚོགས་པའི་ཞི་བདེ་ཚོགས་ཁང་ནང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དུས་དྲན་ཐེངས་ ༣༤ པ Day Of The Imprisoned Writers སྲུང་བརྩིའི་མཛད་སྒོར་བཞུགས་སྒར་དྷ་སའི་ཉེ་འགྲམ་གྱི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་རྒྱུན་ལས་གཙོས། བོད་ཀྱི་སློབ་དཔོན་ཆེན་མོ་དང་རྩོམ་པ་པོ། གཞན་རིགས་སོགས་མི་གྲངས་ལྔ་བཅུ་ལྷག་ཅིག་འདུ་འཛོམས་བྱུང་།
ལྕགས་སྒྲོག་འོག་གི་གསེར་སྙུག་དབུ་འབྱེད་གནང་བཞིན་པ། 
དེ་ཡང་ གོང་ཚེས་ཉིན་པེན་བོད་ཀྱི་རྩོམ་པ་པའི་མཐུན་ཚོགས་ཀྱི་ཚོགས་མི་ཨ་རིག་འགྱུར་མེད་དང་། སྨིན་སྣང་མཛེས་གཉིས་ཀྱིས་བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་དང། ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱི་རྩོམ་ཡིག་རེ་གྱེར་འདོན་གྱིས་དུས་དྲན་སྲུང་བརྩི་འགོ་འཛུགས་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ངོས་ནས་རྒྱུན་ལས་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྩོམ་སྒྲིག་གནང་བའི <<ལྕགས་སྒྲོག་འོག་གི་གསེར་སྙུག>>ཅེས་པ་རྒྱ་གཞུང་གི་བཙོན་འོག་གི་བོད་ཀྱི་རྩོམ་པ་པོའི་སྙན་ཐོའི་དཔེ་དེབ་དེ་དབུ་འབྱེད་གནང་པ་དང་། ... ...

Tuesday, 27 October 2015

དམྱལ་བའི་ཟུར་ཞིག འོས་སྦྱོར།

མི་ལ་ཙི་ཙི། 旺什代海文学平台
རི་བདག་མེད་དར་ལྕོག་ཅི་འདྲ་འཐེན།
ཆུ་བདག་མེད་མཆོད་པ་ག་ཙམ་བཤམ།
ས་བདག་མེད་ཚ་ཚ་ཅི་ཙམ་དཔར།
རྡོ་བདག་མེད་མ་ཎི་ག་འདྲ་བསྐོས།
                         གླིང་སྒྲུངཨ་སྟག་ལྷ་མོལས།
གསར་བརྗེ་ཡི་གཏུམ་དྲག་ག་ལེར་རྒྱང་དུ་དྭངས་སོང་རུང་། འཛུགས་སྐྲུན་གྱི་གདུག་རྩུབ་ཉིན་རེར་ཇེ་ཐུར་འགྲོ་བཞིན་མེད་པའི་སྐད་ཆ་བདག་ལ་མེད།  དེ་ལ་ད་དུང་སྤྱི་ཕན་ལས་གཞི། དམངས་ཕན་བཟོ་སྐྲུན་སོགས་ཀྱི་ཤུན་པགས་ཀྱིས་གཡོགས་ཏེ་ངོམ་སོ་རྒྱག་གིན་ཡོད།   ཁྲོམ་སྒྲོག་བྱེད་ཀྱིན་ཡོད། འདི་ལྟ་བུའི་འཕེལ་རྒྱས་རྫུས་མ(伪发展)ཡི་ཁྲོད་ནས། གདོད་འབངས་ག་ཙམ་ཁྱིམ་གཞིས་ཤོར་བའི་ཡུལ་གྱར་པར་འགྱུར་གྱིན་ཡོད།  བྱིས་པ་ག་ཙམ་རྩད་པ་ཆད་པར་གྱུར་བའི་འཁྱམས་པའི་རབས་སུ་བརྡོལ་གྱིན་ཡོད། ... ... 

Sunday, 18 October 2015

ཆུ་སྒྲ་ཤག་ཤག

དོ་ནུབ། བཞུད་ཀྱིན་པའི་བརྩེ་སྒྲུང་དེས་མི་སེམས་རྨང་ནས་དཀྲོགས་སོང་། ང་རང་ཕྱིར་འདང་ལ་ཆས་ནས། ཆུ་མོ་ཤག ཤག་གི་བཞུར་སྒྲ་དེར་ཉན་པ་ཡིན། ཟ་ཟིའི་འཁུན་སྒྲ་དེའང་དོ་ནུབ་ད་དུང་འགུལ་གྱིན་འདུག ... ...

Friday, 16 October 2015

ཁ་ནང་ནས་ལྕེ་ཕྱུང་བ། འོས་སྦྱོར།

རྩོམ་པ་པོ་མི་ལ་ཙི་ཙི། 

ཉིན་རྒྱུན་འཚོ་བའི་ཁྲོད་བོད་སྐད་ནང་རྒྱ་སྐད་ཀྱི་ཤན་དང་སླད་ཀྱིས་སྦག་མཁན་ལ། འ་ཅག་མང་མང་གིས་འཕྱ་ཞིང་སྨོད་ལ། ཐ་ན་མངོམ་སུམ་དགག་མཁན་ཡང་ཡོད་པ་རེད། དེ་ནི་ཕ་སྐད་དག་གཙང་གི་ཁོར་ཡུག་ཅིག་ཆགས་ལ་ཀུན་པོར་འདུ་ཤེས་ཐུན་མོང་བ་ཞིག་གྲུབ་བཞིན་ཡོད་པའི་རྟགས་མིན་པ་ཡང་མ་རེད། འོན་ཏ། གལ་སྲིད་གཞན་གྱི་དྲག་པོའི་ལྟ་བཤེར་འོག ཁྱོད་ཀྱིས་བོད་ཡིག་བོད་སྐད་ལ་བྱང་ཆ་ཡོད་པའི་རང་གི་ནང་མི་ཞིག་ལ་རྒྱ་སྐད་ཀྱིས་གླེང་མོལ་བྱ་དགོས་ཚེ། གྲ་སྒྲིག་ཅི་ཡང་མེད་པའི་ཁྱོད་ལ་ག་འདྲའི་འཚུབ་ཆ་སྐྱེ་ཡོང་སྲིད། ... ... 

རྩོམ་པ་པོ་མི་ལ་ཙི་ཙི།

"གངས་ཅན་བོད་པའི་ཕ་གཞིས།། ང་ཡི་མདོ་དབུས་ཁམས་གསུམ།།"ཞེས་པའི་རྐང་འཁོར་འགྲིམ་བཞུད་བདེ་ལེགས་ངང་གྲུབ་པར་དགའ་སྤོབས་ཚད་མེད་སྐྱེས་བྱུང་། སྐུ་ཞབས་མི་ལ་ཙི་ཙི་ལགས་ཉིད་ཀྱི་མི་ཚེ་འོད་དང་དྲོད་ཀྱིས་ཁྱབ་པར་སྨོན། ____ སྐྲན་གྱིས།
( ཕྱི་ཟླ་༤ཚེས་༢ _____________ ཕྱི་ཟླ་༩ཚེས་༥) 
རྩོམ་པ་པོ་ངོ་སྤྲོད། ཕུན་ཚོགས་རྒྱལནེའུ་ཆུང་ངམ་མི་ལ་ཙི་ཙི། མདོ་སྨད་བོང་སྟག་ནས་སྐྱེས། སྔ་ཕྱིར་སློབ་ཆུང་དགེ་རྒན་དང་དམངས་ཁྲོད་རིག་རྩལ། སྙན་ངག་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་གཉེར་མྱོང་།2009ལོར"གངས་རྒྱན་མེ་ཏོག"རྩོམ་རིག་བྱ་དགའ་ཐོབ། བརྩམས་ཆོས་གཙོ་བོར།2008ལོ་དང2011ལོར་སྔ་ཕྱིར་ཀན་སུའུ་མི་རིགས་དཔར་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་འབོལ་རྩོམ་དེབརང་གཤིས་གདུང་འབོད》《བླདཔེ་ཚོགས་ཀྱི་གྲསདང རྡོ་ལྕགས་གཙུབ་བརྡརབོད་ཀྱི་དེང་རབས་ཐོལ་རྩོམ་དཔེ་ཚོགས་ཀྱི་གྲསཡོད། བོད་ཀྱི་རྩོམ་རིག་དྲྭ་ཚུགས་ཆེན་མོ་སེང་རྡོར་དྲ་བའི་སྟེང་དུ་རྩོམ་མང་པོ་སྤེལ་ཞིང་སྤྱི་ལོ༢༠༡༥ལོར"གངས་ཅན་བོད་པའི་ཕ་གཞིས།།ང་ཡི་མདོ་དབུས་ཁམས་གསུམ།།"ཞེས་མཚོ་སྔོན་དང་ཡུན་ནན།སི་ཁྲོན་དང་བོད་ལྗོངས།ཀན་སུའུ་སོགས་སུ་ཟླ་བ་ལྔ་ལྷག་ལ་སྤྱི་ལེ་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་ལྷག་སོང་ནས་སྤྱི་ཟླ་དགུ་བའི་ཚེས་ལྔ་ཉིན་བདེ་ལེགས་ངང་ཕྱིར་ཕ་ཡུལ་དུ་ཐོན

"གངས་ཅན་བོད་པའི་ཕ་གཞིས།། ང་ཡི་མདོ་དབུས་ཁམས་གསུམ།།"ཞེས་པའི་རྐང་འཁོར་འགྲིམ་བཞུད་སྐོར་དྲ་ཐག་འདི་དག་ནས་ཉན་ཐུབ།
http://www.rfa.org/tibetan/tibet/bicycle-rally-by-phuntsok-gyal-04062015144438.html
http://www.rfa.org/tibetan/tibet/tibetan-writer-phuntsok-gyal-end-his-bicycle-tour-of-tibet-09242015160443.html

Thursday, 15 October 2015

ཕྲན་གྱི་གཞས་ཚིག་སེམས་ཀྱི་ན་ཟུག

http://papa.me/post/E5l4zo5g

སེམས་ཀྱི་ན་ཟུག
ཚིག     ཐོར་རྒོད་པ་སྤྱན་ཆབ།
དབྱངས། ཚེ་རིང་སྒྲོལ་མ།
གཞས་པ། ཚེ་རིང་སྒྲོལ་མ།