Tuesday 19 March 2024

ས་མཐའི་རྒད་པོ་རྒོད་པོ།



སྐྲན། ཨོ་གླིང་། 


__མཚན་མོའི་ལས་སྣོལ་གྲུབ་རྗེས་རང་གིས་རང་ལ་དཔའ་དར་བཏེགས་པ



སྐྲ་འདབ་ཁ་བ་དཀར་པོའི་མེ་ཏོག་གིས་བརྒྱན་ཅིང་།།

ངོ་གདོང་རྒས་གཉེར་རི་མོ་ཚོད་མེད་དུ་ལྷུང་ཡང་།།

རྒས་པའི་ལུས་པོ་གཞོན་པའི་སྣང་བ་ཡིས་བཏེགས་པའི།།

ས་མཐའི་རྒད་པོ་རྒས་པོའི་སེམས་ཁམས་འདི་དྭངས་ཨང་།།  

ལོ་རྒན་བཞི་བཅུ་ཁོ་བོའི་སྔས་འབོལ་དུ་བྱས་ཞིང་།།

ལོ་གསུམ་བྱིས་པ་ང་ཡི་རྐང་རྩེན་དུ་གློད་ཀྱང་།།

རྒས་པའི་ལུས་པོ་གཞོན་པའི་སྣང་བ་ཡིས་བཏེགས་པའི།།

ས་མཐའི་རྒད་པོ་རྒོད་པོ་མཐུར་མེད་དང་འདྲ་ཨང་།།


མི་ཚེ་ཐོས་པས་བསྐྱལ་བའི་གོ་རིམ་དག་མེད་ཅིང་།།

ཐོས་ཚད་རྒྱུད་ལ་སྦྱར་བའི་ཉམས་ལེན་ཡང་མེད་མོད་།།

རང་སེམས་བཅོས་སུ་རུང་བའི་གཤིན་སྦྱང་གིས་བཏེགས་པའི།།

ས་མཐའི་རྒད་པོའི་སྣང་བ་རང་ཡན་དེ་བདེ་ཨང་།།

མི་ཚོས་ཅི་བཤད་རྣ་རྒྱབ་རླུང་བུ་ལ་བསྐུར་ཡོད།།

རང་གིས་ཅི་བྱས་རང་གི་ལག་མཐིལ་ན་གསལ་ཡོད།།

རང་ལྟ་རང་ཚུགས་ལྕགས་ནག་ཀོང་བུ་ཡིས་བཏེགས་པའི།།

ས་མཐའི་རྒད་པོའི་རང་གཤིས་འབྲོང་རྒོད་དང་མཚུངས་ཨང་།།


At Clontarf, Saturdays night 06/01/2024


No comments:

Post a Comment