Thursday 21 August 2014

20/08/2014

དེ་རིང་ཞོགས་པར་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚེམ་ཁང་དུ་མི་ལོ་༡༧ལ་ཕྱག་ལས་གནང་བའི་ཨ་ཅག་ཉི་མ་བདེ་སྐྱིད་ལགས་དང་ལོ་ངོ་༨ལྷག་ལ་ཕྱག་ལས་གནང་བའི་ཨ་ཅག་གྲིབ་སངས་རྣམ་གཉིས་ལ་སྐྱེལ་མའི་ཚུལ་དུ་ཚོགས་གཙོ་དང་དྲུང་ཆེ་དབུར་བཞུགས་ཀྱིས་སྟབས་བདེའི་གསོལ་ཇ་བཀྱགས་པ་དང་།

Wednesday 20 August 2014

རང་དབང་གི་པར་བ་ཞིག་གིས་ལས་དོན་ཐོག་བཟུང་བའི་དམིགས་ཚད།

འདོན་སྤེལ། ༢༠༡༤/༠༨/༡༨
འདི་ལོའི་ལ་དྭགས་དུས་དབང་དང་བསྟུན་ཏེ་གསར་འགོད་པས་སོག་ཡུལ་དུ་གནས་སྡོད་བོད་རིགས་རང་དབང་གི་པར་བ་བསྟན་འཛིན་དཔལ་འབྱོར་ལགས་སུ། ཁོ་རང་ཐོག་མར་པར་གྱི་ལས་དོན་ལ་འཇུག་སྟངས་དང་བརྒྱུད་རིམ་སྐོར་ལ་བཅར་འདྲི་ཞུས།
དྲི་བ། ཐོག་མར་ཁྱེད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་བསྟན་འཛིན་དཔལ་འབྱོར་ཟེར་གྱི་ཡོད། ཆུང་དུས་རྡོ་རྗེ་གླིང་དུ་འཚར་ལོངས་བྱུང་རྗེས་འཛིན་རིམ་བཅུ་གཉིས་པར་ས་གནས་ཀྱི་
བོད་གཞུང་སློབ་གྲྭར་ཕྱིན་པ་ཡིན། ༡༩༩༣ ལོར་བྷིང་ལོར་གཙུག་ལག་སློབ་ཆེན་ (North Bengal University)ཐོན་རྗེས་བལ་ཡུལ་ནང་ལོ་གསུམ་དང་ལྡི་ལི་ལོར་གཉིས་རིང་ཀརྨ་བཀའ་བྲིས་ཀྱི་ཐང་གར་སློབ་སྦྱོང་བྱས་པ་ཡིན། ༡༩༩༧ ལོ་ཙམ་ནས་པར་རྒྱག་མགོ་བརྩམས་ཤིང་། རྗེས་སུ་ཨ་རིར་ཕྱིན་ཏེ་ལོ་ལྔ་ཙམ་བསྡད་པ་ཡིན། ༢༠༠༩ ལོར་ཕྱི་སོག་གི་རྒྱལ་ས་ཨོ་ལིམ་པ་ཋོར་ཏུ་ཕྱིན་ཏེ་ད་ལྟ་དེ་གར་ལས་ཀ་བྱེད་བཞིན་ཡོད། ང་རང་འདས་པའི་ལོ་བཅོ་ལྔ་ཉི་ཤུའི་རིང་རྒྱལ་ཁབ་མང་པོའི་ནང་སྐོར་སྐྱོད་བྱས་ཏེ་པར་བརྒྱབ་པ་ཡིན། དམིགས་ཡུལ་གཙོ་བོ་པར་རིས་དང་འགྲེལ་བཤད་སྦྲགས་མའི་ལོ་རྒྱུས་ཡིག་ཆ་བཟོ་རྒྱུ་དེ་ཡིན།
དྲི་བ། ཁྱེད་ཀྱིས་ཐོག་མར་པར་རྒྱག་པའི་ལམ་བུ་འདི་ཇི་ལྟར་བདམས་པ་ཡིན་ནམ།

Wednesday 6 August 2014

བོད་ཀྱི་གླུ་གཞས་དྲ་ཚིགས་གསར་བ།

བོད་ཀྱི་གླུ་གཞས་དྲ་ཚིགས་གསར་བ།

ྃགྲོགས་འབྲུག་འབུམ་ལགས་ཀྱིས་འཆར་འགོད་དང་སྒྲིག་བཟོ་ཆ་ཚང་བྱས་པའི་བོད་ཀྱི་གླུ་གཞས་ཕྱོགས་བསྡུའི་<རྩམ་ཁུག་དྲ་ཚིགས།>འདི་ཉིད་<http://www.tsamkuk.com/>ལེགས་པར་གྲུབ་པ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་དང་།
བླ་ལྷག་ཏུ་ང་ཚོའི་མི་རིགས་ཀྱི་སྐད་དང་ཡི་གེའི་ཉམ་ང་ཉག་ཕྲའི་དུས་འདིར་བོད་རང་གི་གླུ་གཞས་ཕྱོགས་བསྡུ་དང་གཞས་ཚིག་དག་ཀྱང་ཐད་གར་མཐོང་ཐུབ་པ་འདི་ནི་ན་ཆུང་སློབ་བུ་རིགས་ཤིག་གི་སྐོམ་པ་ལ་ཆུ་ཡིན་པས། ཕྲན་རང་གིས་ཀྱང་དགའ་གུས་དང་ཡི་རངས་བྱེད་ཀྱིན་ཡོད་པ་མ་ཟད་རྗེས་སོར་ཡང་། རྒྱུན་འཁྱོངས་ཀྱི་རྔུལ་ནག་ཅི་ཙམ་འདོན་ཐུབ་པ་དེ་ཙམ་གྱིས་འབྲས་བུ་གཡུར་དུ་ཟ་བ་ཞིག་ཡོད་པར་ཡིད་ཆེས་དང་བཅས། 

2014/0/08/06 ཉིན་གྱི་གྲོགས་པོ་རྡོ་རྗེ་ཚེ་རིང་གིས་གུས་ཕུལ།

Monday 4 August 2014

ཕ་མ་དྲན་གཞས། Tsering Gyurmey



ྃཐེངས་འདིརབོད་ཕྱི་ནང་གཉིས་སུ་སྙན་པའི་གྲགས་པ་འབར་བའི་བོད་ཀྱི་གཞ་པ་ཚེ་རིང་འགྱུར་མེད་ལགས་ཀྱི་སྐད་ངག་སྙན་མོའི་འགྱུར་ཁུགས་དང་། བོད་ཀྱི་ན་གཞོན་གཞས་པ་གྲགས་ཅན་འཇམ་དབྱངས་བཀྲི་ཤིས་ལགས་ཀྱིས་བརྩམས་གནང་བའི་སྙན་འཇེབས་ལྷོད་བག་གི་དབྱངས་རྟ་བཅས་ཀྱིསང་རང་གིས་བྲིས་པའི་གཞས་ཚིག་༼ཕ་མ་དྲན་གཞས།༽འདི་ཉིད་ཧ་ཅང་རང་གི་བློ་ཡིད་དུ་ལྷུང་བ་ཞིག་འཁྱོངས་འདུག་པས་ནགཞས་འདིར་དངོས་ཤུགས་བརྒྱུད་གསུམ་ནས་ལྷག་བསམ་དག་པས་རོགས་འདེགས་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།


2014/08/04 ཉིན་ཐོར་རྒོད་པ་སྤྱན་ཆབ་དུ་འབོད་པས་གུས་ཕུལ།
Missing PaMa

Lyric By ChenChab
Melody by T JamyangTashi
Singer Tsering Gyurmey