མཛེས་སེ།
གྲོགས་པོ་འཁོར་ལོ་ལགས།
ཉེ་ལམ་སྐུ ་ཁམས་གསལ་དྭངས་ཡིན་ཤག
དེ་རིང་ནི་བོད་རབ་བྱུང་བཅུ་བདུ ན་པའི་ཤིང་མོ་ལུག་ལོའི་ཟླ་
༡༠ ཚེ ས་ ༢༩ཉིན་ཏེ། གྲོགས་པོ་ཁྱེད་རང་ངོ་ ཤེས་ནས་ཏག་ཏག་ལོ་ངོ་ཉི་ཤུ་འགོར་ བ་རེད།འུ་གཉིས་ཀ་ངོ་ཤེས་པ་དང་གྲ ོགས་པོར་གྱུར་ནས་ད་ལྟའི་བར་དུ་ ངས་ཁྱེད་ལ་འཕྲིན་ཡིག་གཅིག་ཀྱང་ བྲིས་མ་མྱོང་ཞིང་འདི་ནི་ཐེངས་ དང་བོ་ཡིན་པས་ཁྱེད་རང་ཡ་མཚན་སྐྱ ེ་སྲིད།གལ་ཏེ་ཁྱེད་ཀྱིས་སྤྲིངས་ པའི་འཕྲིན་ཡིག་ཅིག་གློ་བུར་དུ་ འབྱོར་ཚེ་ངའང་ཡ་མཚན་སྐྱེ་སྲིད་ པ་ཁོ་ཐག་རེད།
རྒྱུ་མཚན་ནི་ད་ལྟའི ་དུས་སྐབས་འདི་ལ་དཀར་འཇམ་ཤོག་གུ འི་ངོས་ལ་ཡི་གེ་ནག་ཆུང་བྲིས་ཏེ་ ཕན་ཚུན་འཕྲིན་ཡིག་བསྐུར་མཁན་ཧ་ ཅང་ཉུང་བས་སོ།།
ཁྱེད་ཀྱིས་ཤེས་གསལ་ལྟར།ང་ནི་དུ ས་རྒྱུན་སྨྲ་བ་ཉུང་བའི་མི་གཉོམ་ ཆུང་ཞིག་ཡིན་པས།གཞན་ལ་དོན་དག་ཅི ག་ཞུ་རྒྱུ་ཡོད་པའམ་རང་གི་གྲོགས་ པོར་བསྟོད་པ་སྨད་པའི་གཏམ་ཞིག་ འཆད་དགོས་ཚེ།ཕ་རོལ་བའི་གདོང་ལ་ བལྟས་ནས་ངས་བརྗོད་མི་ཐུབ་པ་ནང་ བཞིན།དེ་རིང་ཆེད་དུ་འཕྲིན་ཡིག་ འདི་འདྲ་ཞིག་བྲིས་ནས་ཁྱེད་ལ་སྤྲ ིངས་པ་ཡིན། ཤ་ཚ་བའི་གཏམ་ལ་སྙན་མོ ་མེད་ཟེར་བའི་གནའ་མི་བོད་ཀྱི་ གཏམ་དཔེ་ལྟར། ད་ནི་ཁྱེད་ཀྱིས་ཉན་ མི་འདོད་པའི་གཏམ་འགའ་བརྗོད་དགོ ས་བྱུང་བས་བཟོད་གསོལ་ཞུ།
ང་ལ་སློབ་གྲོགས་ཤིག་ཡོད་དེ། ཁོ་ བཟའ་ཟླ་གཉིས་ཀྱིས་རྫོང་ཞིག་ཏུ་ གཞུང་གི་ལས་ཀ་སྒྲུབ་ཀྱིན་ཡོད་ལ་ བུ་དང་བུ་མོ་རེ་རེ་སྐྱེས་འདུག་ པ་རེད། བུ་དང་བུ་མོ་རིམ་བཞིན་སློ བ་གྲྭར་འགྲིམ་པའི་ལོ་ཚོད་རན་པ་ ན། ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ དེ་གཉིས་ཀ་སྔ་ཕྱིར་རྫོང་མཁར་གྱི ་རྒྱ་ཡིག་སློབ་གྲྭར་མངགས་བྱུང་། ཐེངས་ཤིག་ངས་ཁོ་ལ་ཁྱེད་ཀྱིས་རང་ གི་ཉེ་གམ་དུ་བོད་ཡིག་སློབ་གྲྭ་ ཡོད་བཞིན་དུ་འདི་ལྟར་བྱེད་དོན་ ཅི་ཡིན་ཞེས་དྲིས་པ་ན། ཁོས་ལན་དུ། ང་རང་ཉིད་དང་ངའི་ཆུང་མས་ཀྱང་བོ ད་ཡིག་སྦྱངས་ནས་སློབ་གྲྭ་ཆེན་མོ ་ལས་སློབ་མཐར་ཕྱིན་པ་ཡིན་མོད། རྒ ྱ་ཡིག་རྒྱ་སྐད་དཔྱིས་ཕྱིན་པ་མི་ ཤེས་པས་ཕྱོགས་གང་ཐད་དུ་དཀའ་ངལ་ མང་བོ་མྱངས་སོང་། དེའི་ཕྱིར།
ངས་རང་གི་བུ་དང་བུ་མོ་གཉིས་ཀར་ ཆུང་དུས་ནས་རྒྱ་ཡིག་དང་རྒྱ་སྐད་ བསླབ་ཏུ་བཅུག་པ་ཡིན་ཟེར། ངས་ཁོ་ ལ་བཤད་རྒྱུར། ང་ཚོའི་ད་ལྟའི་གནས་ བབ་དང་ཁོར་ཡུག་ལ་ལྟོས་དང་། བོད་ ཀྱི་སློབ་མ་རྣམས་ཀྱིས་སྦྱང་རྒྱུ ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་ཡི ན་མོད། མཐར་ཁོ་ཚོར་བྱང་ཆ་ལྡན་པ་ དེ་རྒྱ་ཡིག་རྒྱ་སྐད་མ་ཡིན་ནམ་ཞེ ས་བཤད་པ་ན། ཁོས་དགོད་ཞོར་དུ་ན་རེ །ངེད་བཟའ་ཟླ་གཉིས་ཀས་མི་རིགས་ རང་གི་སྐད་ཡིག་ཤེས་ལ་ང་ནི་སྲིད་ གཞུང་གི་གཞུང་ཞབས་པ་དང་ངའི་ཆུང་ མ་ནི་རྫོང་མི་རིགས་སློབ་འབྲིང་ གི་བོད་ཡིག་དགེ་རྒན་ཡིན་པ་ཁྱོད་ ཀྱིས་ཀྱང་ལོས་ཤེས།
བུ་དང་བུ་མོར་བོད་ཡིག་བོད་སྐད་ རང་ཁྱིམ་དུ་འཁྲིད་ཆོག་པ་རེད་ཅེ ས་ཟེར་བས།ངས་ཀྱང་ཁོ་ལ་མང་བོ་མ་ བཤད།
ལོ་ངོ་བཅུ་ཕྲག་ལྷག་འགོར་བའི་ན་ ནིང་དབྱར་ཀར། ང་རང་སློབ་གྲོགས་དེ ་ཡོད་སའི་རྫོང་དེར་ཐེངས་གཅིག་སོ ང་བ་དང་། ཁོ་བཟའ་ཟླ་གཉིས་དང་མཉམ་ དུ་འཛོམས་ནས་ཁ་བརྡ་མང་བོ་བྱས་པ་ ཡིན།ངས་ཁོ་གཉིས་ཀྱི་བུ་དང་བུ་མོ འི་གནས་ཚུལ་དྲིས་པ་ན།སློབ་གྲོ གས་ཀྱིས་ཨ་རག་ཁམ་དོ་གསུམ་ཙམ་བསྟ ུད་མུར་འཐུངས་རྗེས་བཤད་རྒྱུར། བུ ་དང་བུ་མོའི་གནས་ཚུལ་དེ་གཞན་ལ་ བཤད་སྲོལ་མེད། དང་ཐོག་རྒྱ་ཡིག་སླ ོབ་གྲྭར་མངགས་པ་དེ་གཞི་ནས་འཆུག་ འདུག
ད་ལྟ་ངའི་བུ་དང་བུ་མོ་གཉིས་ཀས་ བོད་ཡིག་ལྟ་ཞོག་ཐ་ན་བོད་སྐད་ཚི ག་གཅིག་ཀྱང་ངག་ནས་མི་འཁྲོལ་བ་མ་ ཟད། ཁོ་གཉིས་ཀྱི་བསམ་བློ་གཏོང་ཕྱ ོགས་དང་འགྲོ་ལུགས་འདུག་སྟངས་དང་ སྐད་ཆ་བཤད་སྲོལ་སོགས་ལུས་ངག་ཡི ད་གསུམ་གྱི་འདུ་བྱེད་ནི་རྒྱ་རི གས་སློབ་མ་མང་ཆེ་ཤོས་དང་ཡོངས་སུ ་མཚུངས་སྟེ།ཕ་མའི་ཁར་མི་ཉན་པ་ དང་། རྒན་ལ་གུས་པ་མེད་ཅིང་གཞོན་ ལ་བྱམས་སེམས་བྲལ། ཤ་ཉེ་ལ་འདང་བརྩ ེ་ཆུང་། ཕ་ཡུལ་ལ་དུངས་པ་དབེན། རང་ མི་རིགས་ཀྱི་སྲོལ་རྒྱུན་རིག་ གནས་གླེང་དུས་དེ་ནི་དུས་རབས་ཀྱི ་རྗེས་སུ་ལུས་པའི་གད་སྙིགས་རེད་ ཟེར། བོད་ཟས་མི་བཟའ་ཞིང་བོད་ལྭ་ མི་གྱོན།བོད་གཞས་མི་ཉན་ལ་བོད་བྲ ོ་མི་སྦྱང་། དོན་དག་ཐམས་ཅད་རང་སྣ ང་གང་ཤར་དུ་སྒྲུབ་ཀྱིན་འདུག་ཅེ ས་ཟེར་བྱུང་ལ།སྐབས་དེར་ཁོའི་ཆུ ང་མའི་གདོང་ལ་མཆི་མས་ཁེངས་འདུག
གྲོགས་པོ་ལགས།ཁྱེད་ནི་རང་གི་ཕ་ མས་བོད་ཡིག་སྦྱང་དུ་མ་བཅུག་ནའང་ རང་གི་ཕ་སྐད་བཤད་ཤེས་པས་དེ་ནི་ དགའ་འོས་པ་ཞིག་རེད། ཡང་བོད་ཡིག་ མི་ཤེས་པས་རང་མི་རིགས་ཀྱི་སྲོལ་ རྒྱུན་རིག་གནས་ལ་རྨོངས་ཤིང་ཐ་ན་ ཁ་ཏོན་དགེ་སྦྱོར་བྱ་འདོད་ཀྱང་ལོ ང་བ་ལྐུགས་པ་འོན་པ་བཞིན་དུ་འདུ ག་དགོས་ལ། སྒོས་སུ་རང་གི་མགོ་ལ་ སྐྱིད་སྡུག་ཅི་ཞིག་ཡོང་ནའང་དབུ གས་ཀྱི་རྒྱུ་བ་ཡོད་པའི་བེམ་པོ་ ཇི་བཞིན་གཞན་ལ་རེ་རྒྱུ་ལས་རང་གི ས་ཅི་ཡང་བསྒྲུབ་མི་ཤེས་པ་དེ་ནི་ ཁྱེད་ཀྱི་སེམས་ཁོང་གི་སྡུག་བསྔ ལ་ཞིག་ཏུ་གྱུར་ཡོད་ཚོད་འདུག
གནས་སྟངས་འདི་འདྲ་མཐོང་ཚེ་ད་ནི ་ཁྱེད་ཀྱི་ཕ་མའི་སེམས་སུའང་འགྱོ ད་པ་ཏོག་ཙམ་སྐྱེས་ལོས་ཡོད་སྙམ།
ཁྱེད་རང་གིས་བོད་ཡིག་མི་ཤེས་ པའི་རྐྱེན་གྱིས་བུ་ཕྲུག་བོད་ཡི ག་སློབ་གྲྭར་བཅུག་པ་ནི་གྲོགས་པོ ་ཁྱེད་ཀྱི་རླབས་ཆེ་བའི་གདམ་ག་དེ ་རེད་ལ། ངས་ཁྱེད་ནི་ངའི་སློབ་གྲོ གས་དེ་ལས་ལྡབ་བཅུ་ཡིས་ལེགས་པར་ མཐོང་། འོན་ཀྱང་ཁྱེད་ཀྱིས་རང་གི་ བུ་ཕྲུག་གཅིག་པུ་དེ་ལ་ཕ་མེས་ཡང་ མེས་ནས་བརྒྱུད་འོང་བའི་སྲོལ་རྒྱ ུན་བཟང་བོ་གོམས་སུ་མ་བཅུག་པ་དེ ས་ཁྱེད་དང་ངའི་སློབ་གྲོགས་དེ་ གཉིས་ནི་འདྲ་མཚུངས་སུ་གྱུར་བ་རེ ད། ངས་ལན་རེར་ཁྱེད་གཉིས་ནི་ཕ་མ་ གཅིག་གི་བུ་ཕྲུག་ལོས་ཡིན་སྙམ་ བཞིན་ཡོད།
ཁྱེད་ཀྱི་བུ་ཕྲུག་གི་སྐྱོན་དེ་ བོད་ཡིག་སློབ་གྲྭ་འགྲིམས་ནས་དགེ ་རྒན་རྣམས་ཀྱིས་གོལ་ལམ་དུ་ཁྲིད་ པ་གཏན་ནས་མ་ཡིན་ཏེ།དུས་རྒྱུན་གྱ ི་འཚོ་བའི་ཁྲོད་དུ་ཁྱེད་དང་ཆུང་ མས་ལང་ཤོར་དུ་བཏང་ཞིང་ཁྱིམ་གྱི་ སློབ་གསོ་ལ་དོ་སྣང་མ་བྱས་ནས་གྲུ བ་པ་ཞིག་རེད།ཁྱེད་ཀྱི་ཆུང་མ་དང་ ཡོངས་སུ་མཚུངས་སྟེ།ཁྱེད་ཀྱི་བུ་ ཕྲུག་གིས་བཤད་ཤེས་བཞིན་དུ་རང་ཁྱ ིམ་དང་བོད་པའི་དུད་ཁྱིམ་གཞན་དུ་ ཕ་སྐད་ཚིག་གཅིག་ཀྱང་མི་བཤད།ཁྱེ ད་དང་ཡོངས་སུ་མཚུངས་སྟེ།ཁྱེད་ཀྱ ི་བུ་ཕྲུག་གིས་བཟའ་བཏུང་སྤྱོད་ སྐབས་ཁྱིའམ་ཕག་པས་ལྟོ་འཐུང་བ་ ནང་བཞིན་ཁ་ནང་དུ་སྒྲ་སྣ་ཚོགས་གྲ གས་པ་དང་།གམ་གྱི་མི་རྣམས་ཀྱིས་ ཟས་བཟའ་རྒྱུ་ཕར་ཞོག་དེའི་ཟ་སྲོ ལ་འཐུང་སྲོལ་མཐོང་བའམ་ཅལ་སྒྲ་ཉོ ག་སྒྲ་ཐོས་པ་ཙམ་གྱིས་སྐྱུག་མེར་ ཞིང་འདུག་མི་བཟོད་པ་རེད། ཁྱོད་ བཟའ་མི་ཐམས་ཅད་ངེད་ཚང་ལ་མགྲོན་ དུ་ཕེབས་ཐེངས་རེར།ཁྱོད་ཀྱི་བུ་ ཕྲུག་གིས་རང་གཅིག་པུ་ལས་མི་བསམ་ པར་ཟས་ཅོག་སྟེང་གི་ཟས་རིགས་གང་ ཞིམ་དང་གང་བཟང་དེ་ལག་པ་བསྲིངས་ ནས་ལེན་ཅི་ཐུབ་དང་ཐུར་མ་བཟུང་ ནས་དཀྲུགས་རྐྱང་བྱས་ཏེ་ཧམ་བཟའ་ ཧམ་འཐུང་བྱེད་པ་དང་།རང་གིས་བཟའ་ མི་འདོད་ཚེ་འཛེམ་དོགས་མེད་པར་ཁ་ ནང་གི་ཟ་འཕྲོ་དེ་ཟས་ཀྱི་སྡེར་ མའི་ནང་དུ་གཡུག་པར་བྱེད།དེ་ལས་ ཀྱང་ཐུ་བའི་གོམས་གཤིས་ངན་པ་ཞིག་ ལོབས་འདུག་པ་ནི། ཁོས་དངོས་པོ་ཞི ག་ཕར་སྟེར་བའམ་ཚུར་ལེན་དུས་ནམ་ ཡང་ལག་པ་ཡ་གཅིག་མ་གཏོགས་མི་བསྲི ངས་ལ།
ངག་ནས་གློ་བུར་གློ་བུར་དུ་རྣར་ གཟན་པའི་སྐད་ངན་ཕྱུང་ནས་གཞན་གྱི ་སྙིང་ན་བར་བྱེད་པ་དང་། ཁ་ལུད་ དང་སྣབས་ཆུ་གང་སར་འདོར་བ།ཞྭ་ལྷ མ་གྱོན་ཆས་སོགས་གང་སར་འཇོག་པ། རྐ ང་བ་ཅི་དགར་བརྐྱངས་ནས་གཞན་གྱི་ ལམ་འགོག་པ་དང་དྲི་ངན་འཐུལ་ནས་ཁྱ ིམ་གྱི་རླུང་སྦགས་པ་དང་མིའི་དབུ གས་ཀྱི་འབྱིན་རྔུབ་ལ་བར་ཆད་བཟོ་ བ།ཁྱིམ་གྱི་མགྲོན་པོ་གཞན་དག་ལ་ བརྩི་བཀུར་མི་བྱེད་པ་དང་དེ་དག་ གི་བུ་ཕྲུག་ལ་མཐོང་ཆུང་དང་འཕྱ་ དམོད་བྱས་ནས་བྱིས་པ་ན་ཟླ་ཕན་ཚུ ན་འདྲིས་ཐབས་མེད་པ་ལ་སོགས་བག་ ཆགས་མི་ལེགས་པ་ཞིག་ང་དང་ངའི་ཁྱི མ་མི་ཡོངས་ཀྱི་སེམས་སུ་བཞག་ཡོད་ དོ།།
དོན་དམ་པར་ཁྱེད་དང་ཁྱེད་ཀྱི་ཆུ ང་མས་ཀྱང་ཁོའི་སྐྱུག་བྲོ་བའི་བྱ ་སྤྱོད་དང་ཚིག་པ་ཟ་བྱེད་ཀྱི་གོ མས་གཤིས་དེ་དག་མཐོང་ཡོད་མོད་ཁྱེ ད་ཚོས་དེ་ནི་སྐྱོན་དུ་ངོས་མ་ཟི ན་པར་ཡོན་ཏན་ཞིག་རེད་སྙམ་གྱིན་ ཡོད་པ་འདྲ།དེ་ལྟར་མིན་ཚེ་ཁྱེད་ བཟའ་ཟླ་གཉིས་ཀྱི་མིག་ནི་ལིང་ཏོ ག་གིས་ཡོངས་སུ་བསྒྲིབས་སོང་བ་ཁོ ་ཐག་རེད།ཁྱེད་ཀྱི་བུ་ཕྲུག་ད་ལོ ར་སློབ་འབྲིང་དུ་ཞུགས་མོད་ཁོས་ ད་དུང་ལོ་གསུམ་ལ་སོན་མ་ཐག་པའི་ བྱིས་པ་ཞིག་དང་འདྲ་བར་གཅེས་ལང་ བྱེད་པ་དེ་མཐོང་ཚེ་ངས་ནི་ངོ་མ་ བཟོད་པ་སྒོམ་ཐབས་བྲལ།
གྲོགས་པོ་ཁྱེད་ཀྱིས་མཉམ་ཞོག གལ་ཏེ་ནམ་ཞིག་ཁོ་དང་ང་གཉིས་མ་ གཏོགས་སུ་ཡང་མེད་པའི་སྐབས་དང་ འཕྲད་ཚེ་ངས་ཁྱེད་ཀྱི་བུ་དེར་ལ་ གཅར་རྡུང་ཡིད་ཚིམས་པ་ཞིག་བྱས་ཏེ ་སློབ་གསོ་གཏང་གི་ཡིན།
ཁྱེད་ནི་ཆོས་ལུགས་ལ་དད་པ་མེད་ཀྱ ང་ཡོད་ཁུལ་གྱིས་ངེད་ཚང་གི་མཆོད་ ཁང་ནང་དུ་འཛུལ་རྒྱུར་དགའ་ཞིང་། ལག་ཟུང་ཐལ་མོ་སྦྱར་ཏེ་གུས་ཕྱག་ ཕུལ་བའི་རྗེས་སུ་གནས་དེ་རུ་ཐ་ མག་འཐེན་པ་ངས་ལན་གསུམ་ལ་མཐོང་མྱ ོང་།ཁྱེད་ཀྱི་བུ་ཡིས་ངེད་ཚང་དང་ ཁྱེད་ཚང་གི་བཟའ་མི་ཡོངས་ཀྱིས་ཅོ ག་ཙེའི་མཐའ་རུ་བསྐོར་ནས་ཟས་ལ་རོ ལ་སྐབས་རྟུག་དྲི་ཁ་བོ་ཐེངས་དགུ་ ལ་བཏང་མྱོང་། ཁྱེད་ཀྱི་ཆུང་མ་སྟེ ་རྫོང་གི་ལས་བྱེད་པའི་བུ་མོ།རྩ་ བ་འབྲོག་པ་རྣལ་མ་ཡིན་ཟེར་ནས་དུ ས་རྒྱུན་རོང་བ་རྣམས་ལ་དམའ་འབེ བས་དང་ཟུར་ཟ་བྱེད་མཁན་ཁྱེད་ཀྱི་ ཆུང་མས་ནམ་ཡིན་ཡང་ངེད་ཚང་གི་ཁྱི མ་དུ་རྒྱ་སྐད་མ་གཏོགས་བཤད་མི་སྲ ིད་པ་དང་།ཁྱེད་བཟའ་ཟླ་གཉིས་ཀྱི ས་ཕན་ཚུན་སྨྲ་མི་དག་པའི་རྒྱ་སྐ ད་ཀྱིས་ཁ་བརྡ་བྱས་ན་ང་ལ་བསམ་ འཆར་མེད། ཁྱེད་ཀྱི་ཆུང་མས་ང་དང་ ངའི་ཆུང་མ་ལ་དགོད་བྲོ་བའི་རྒྱ་ སྐད་འཆོལ་བོ་དེ་བཤད་ནས་གླེང་མོ ལ་བྱས་ནའང་ང་ལ་བསམ་འཆར་མེད་མོད། ངེད་ཚང་གི་ཁྱིམ་ལ་ཡོང་ཐེངས་རེ་ རེར།ཁྱེད་ཀྱི་ཆུང་མས་སུག་པ་ཆག་ ཟིན་པའི་ར་མ་གྱོལ་བོ་ཞིག་དང་གཉི ས་སུ་མ་མཆིས་པའི་རྒྱ་སྐད་དེ་སྤྱ ད་ནས་ངའི་བུ་དང་བུ་མོ་ལའང་གནས་ ལུགས་རྒྱ་ཆེན་པོ་བཤད་ནས་ཁོ་ཚོས་ ད་ལྟ་སྦྱོང་གིན་པའི་བོད་སྐད་ལ་ གཏོར་བརླག་བཏང་བ་དེར་ངས་བཟོད་པ་ གཏན་ནས་བསྒོམ་མི་བཏུབ། ཁྱིམ་ཚང་ གཉིས་ཀའི་བར་གྱི་འབྲེལ་བ་ལ་ བསམས་ནས་ངས་ད་བར་དུ་ཁོང་ཁྲོའི་ མེ་ལྕེ་འཇིལ་ཅི་ཐུབ་བྱས་པ་ཡིན།
བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ མཐར། གྲོགས་པོ་ཁྱེད་ལ་འཕྲིན་ཡིག་ གི་ལམ་ནས་རེ་བ་ཞུ་རྒྱུ་ནི། ངའི་ བུ་དང་བུ་མོར་ཁྱེད་ཀྱི་བུའི་གོ མས་གཤིས་མི་བསྒོ་བའི་ཕྱིར་དང་། ངའི་ཆུང་མ་ལ་ཁྱེད་ཀྱི་ཆུང་མའི་ དཔེ་སྲོལ་མི་ལོབས་པའི་ཆེད་དང་།
འུ་གཉིས་བར་གྱི་མཛའ་གཅུགས་ཀྱི་ སྲད་བུ་མི་ཆད་པའི་དོན་ལ། ད་ནས་ བཟུང་ཁྱེད་བཟའ་མི་ཡོངས་ངེད་ཚང་ ལ་མགྲོན་དུ་མི་ཕེབས་རྒྱུ་དང་ངེ ད་བཟའ་མི་ཐམས་ཅད་ཀྱང་ཁྱེད་ཚང་གི ས་མགྲོན་དུ་མི་འབོད་པར་མཁྱེན་ མཁྱེན་མཁྱེན།།
ཞེས་ལྷོ་བ་འགྱུར་མེད་རྡོ་རྗེས་ སྤྱི་ལོ་ ༢༠༡༥ ཟླ་
༡༢ ཚེས་ ༩ ཉིན་ཟི་ལིང་ ནས་ཕུལ།
No comments:
Post a Comment