Tuesday 1 March 2016

འཇིག་པ་མེད་པའི་གླུ།



བདུད་བྷེ་ལགས་བཞུད་སོང་།
ཁོང་གི་འཇིག་པ་མེད་པའི་གླུ་ལུས་སོང་།

<གངས་ལྗོངས་ཁུ་བྱུག་སྔོན་མོ་>བཞུད་སོང་།
<གངས་ལྗོངས་ནས་འོང་བའི་སྤུན་ཟླ་>ལུས་སོང་།
<སྐལ་བཟང་ལྷ་མོ་>ལུས་སོང་།
<ཚེ་རིང་མཚོ་མོ་>ལུས་སོང་།
མདོར་ན། ཁྱོད་ཀྱི་ན་ཟུག་ལུས་སོང་།


ཁྲོ་ཁོའི་བདུད་འདུལ་རྡོ་རྗེ་བཞུད་སོང་།
<གངས་ལྗོངས་ལ་ཕུལ་བའི་ལྷ་དར་>ལུས་སོང་།
<ལྷ་བྱ་ཁྲུང་ཁྲུང་དཀར་མོ་>ལུས་སོང་།
<གྲོགས་པོའི་སེམས་>ལུས་སོང་།
<རེ་སྒུག་>ལུས་སོང་།
མདོར་ན། ཁྱོད་ཀྱི་རེ་བ་ལུས་སོང་།

བདུད་བྷེ་ལགས་བཞུད་སོང་།
ཁོང་འཇིག་པ་མེད་པའི་གླུ་ལུས་སོང་།
29/02/5016ཉིན། 

No comments:

Post a Comment