Sunday 26 November 2023

སེམས་སོང་བྱམས་པ་སྒྲོལ་མ།

 ཐོར་རྒོད་སྤྱན་ཆབ། 

ཉི་མ་དཀར་པོ་དམར་པོ།།

ང་ཡི་མགོ་ལ་ཤར་རེད།།

སྤྲིན་པ་སྐྱ་པོ་སྨུག་པོ།།

ཁྱེད་ཀྱི་སྙིང་ལའང་འཐིབས་རེད།།


འཇིག་རྟེན་མི་རྟག་འཇའ་ལ།།

ཡིད་རྟོན་ཡོད་ས་མེད་ན།།

མི་སེམས་འཇའ་ལས་ཁྲ་པར།།

ཚོད་དཔག་བྱ་ཚོད་འདུག་གམ།།


དུས་ཀྱིས་གཡས་སྐོར་བརྒྱབ་ཀྱང་།།

གོ་ལས་གཡོན་སྐོར་གནང་བ།།

ཟླ་བས་གཡོན་སྐོར་བྱས་ཚེ།།

དུས་ཀྱིས་གཡས་སྐོར་གནང་ཨང་།།


བརྩེ་བ་སེམས་ཀྱིས་མ་ཉར།།

ལག་པའི་རི་མོར་བལྟས་པས།།

སེམས་སོང་བྱམས་པ་སྒྲོལ་མས།།

བདེ་པར་བཞུགས་ཤིག་གསུང་སོང་།།


By ChenChab, Dee Why 26/11/ 2023