Friday 14 July 2017

རྒྱོ་ཉིན་རྒྱག་མཚན་རྒྱག་མ་བྱེད།

___ མཇེ་རྒན་ཅན་གྱི་གྲོགས་པོ་ཞིག་ལ་བཏགས་པ་བྱས་པ།

གྲོགས་བཀྲ་ཤིས་བདེ་མོ་ཡིན་ནམ།།
*ཁྱོའི་*མགོ་ཆེ་འཚམས་པོར་ཡོད་དམ།།
མདང་དགུང་གི་ནམ་དཀྱིལ་ཞིག་ལ།།
གྲོགས་རྒྱ་རག་གཡས་ནས་བསྐྱུར་ཏེ།།
གཞན་རྩེད་རོགས་གཡོན་ནས་བཞག་སྟེ།།
*ཁྱོས་མགོ་ཆེ་ལག་ལ་བཟུང་ནས།།
ཁྱོད་རྒན་མོའི་རུམ་ལ་འཛུལ་དུས།།
ཁྱོད་ཟ་ལ་ལྡག་ལ་བྱས་སམ།།
ཁྱོད་གཅུ་ལ་གཅོད་ལ་བྱས་སོང་།།

ངས་བསམ་ན་ད་ནངས་ཞིག་ལ།།
མོས་བུ་མོ་སློབ་གྲྭར་བསྐྱལ་རྗེས།།
ཆུ་ཆར་བའི་ཅལ་ཅལ་ཁྲོད་དུ།།
ཁ་ཕྱིར་འཁོར་ནང་ན་འབྱོར་དུས།།
ཁྱོའི་མགོ་ཆེ་ངར་གྱིས་ལངས་ནས།།
མོ་ཟེར་བ་གྲོ་ཕྱེ་སྣོགས་སྣོག།
རྒྱོ་ཟེར་བ་མོག་ཤ་དཀྲུགས་དཀྲུག།
སྐད་ངུ་ངག་འབྲུག་སྒྲ་ལྡིར་ལྡིར།།
གྲོང་ཁྱིམ་མཚེས་སྡུག་ལ་གཏད་ནས།།
ངས་འཇོན་ཡོད་བསམ་གི་ཨེ་ཡོད།།

སེམས་སྐྱ་མོ་སྐྱིད་ལ་བསྐུར་རུང་།།
ཁྱོད་རང་གིས་རང་ཉིད་བསད་པ།།
ངས་མ་གཏོགས་ཤེས་ཀི་མེད་ཁུ།།
ཉིན་གུང་གི་དུས་ཚོད་ཡོལ་རུང་།།
ཁྱོད་ད་དུང་ལངས་ཐུབ་མེད་པ།།
དེ་བསད་ནི་མ་རེད་ཅི་རེད།།

ད་བྱས་ཡོད་བསམ་གི་མ་འདུག།
རྒྱོ་རྒྱག་ཚོད་རང་གིས་བཟུང་མིན།།
ནམ་ཞིག་གི་ཉི་མ་ཞིག་ལ།།
ཁྱོའི་མགོ་ཆེའི་སྐེ་ཚིགས་སྒོར་ནས།།
ཁྱོད་རང་གི་སྒ་རྣག་རྫོགས་ནས།།
མགོར་ཉི་མ་དམར་པོ་ཤར་དུས།།
ང་མིན་པར་བཤད་སྲོལ་ཆེ་ཡོད།།
དེ་མྱི་ཚེ་གཏམ་ཚེ་མིན་ནམ།།
དེ་རང་རྐུབ་ལྷན་པ་མིན་ནམ།།
ཁྱོས་རླིག་པ་སྲོ་དགོས་བསམ་དུས། །
ང་རོགས་པ་བསྐྱུར་ནས་འགྲོ་གི། །
ཁྱོད་*ཀྲོན་མེན་ཐོབ་ཀི་བསམ་དུས། །
ཁྱོད་རྒན་མོའི་བཀའ་ཡང་འགལ་གི། །
གྲོགས་ཕྱུགས་རྫི་གཡང་འགྲུབ་ལོ་ལོ། །
དེང་ཕྱིན་ཆད་དེ་འདྲ་མ་བྱེད། །
གནས་ས་མཐའི་ཡང་མཐའ་ཞིག་ནས། །
གྲོགས་འདང་ཅན་དེ་འདྲ་ཆེ་ཡིན། །

གྲོགས་ཡིད་གཞུང་ཅན་ཞིག་ཡིན་ན།།
ཚིག་དེ་ག་ཙམ་གྱི་ནང་གི།
དོན་སྙིང་པོའི་སྦྲང་རྩི་བླངས་ནས།།
ཁྱོའི་མགོ་ཆེ་གང་སར་མ་གཡུགས།།
རྒྱོ་ཉིན་རྒྱག་མཚན་རྒྱག་མ་བྱེད།།
ལུས་སྐམ་པོ་རང་བདག་བྱས་ནས།།
གྲོགས་རྒྱ་བོའི་རེ་བཞག་མ་བརླག།


*ཁྱོའི་ནི་ཁྱོད་ཀྱི་དང་ཁྱོས་ནི་ཁྱོད་ཀྱིས་བསྡུས་པའོ།།
*མགོ་ཆེ་ནི་ཕོ་མཚན་ནམ་མཇེ་ལ་གོ་དགོས།
*ཀྲོན་མེན་ནི་དབྱིན་སྐད་དུ་ Tournament སྟེ་རིམ་ཅན་འགྲན་སྡུར་ལ་གོ་དགོས།

2017/07/12 ཉིན་གྲོགས་སྐྲན་གྱིས་རྩེད་མཚར་དུ་སྤྲིངས་པ།



No comments:

Post a Comment