Monday 13 April 2020

བསྟི་བསྟང་གཞན་ཞིག



བསྟི་བསྟང་གཞན་ཞིག

         __ COVID-19 ནད་ཡམས་ལ་བྲིས་པ།

སྐྲན། [སིཌི་ནིས།]
     ད་ལོའི་ལྗན་ལྗིན་ནད་ཡམས་ཀྱིས།།     ས་ལ་ལྕགས་མཁར་སྒོ་མེད་བསྐོར།།     ཁྲིམས་ཀྱི་སྐྱ་ཐིག་ག་གོར་བརྒྱབས།།     ལག་འཇུ་བཀག་ཅིང་ཁ་རས་བཀབ།།     བར་ཐག་བཅད་ཅིང་ནང་དུ་བཀག།     འོན་ཏེ་ཤེས་རབ་སྤྱན་དག་གིས།།     སྒེའུ་ཁུང་ངོས་སུ་ཉི་འོད་བྲིས།།     དེ་ལ་མཚོ་དང་བྱེ་ཐང་བསྐྱིལ།།     ཆུ་རྐྱལ་བྱས་ཤིང་གན་རྐྱལ་ཉལ།།     ཉི་མར་ལྡེ་བའི་ཚ་སྣང་གིས།།     ཁོ་རོ་ན་ཡང་ནད་པར་བཟོས།།     ཕྱི་མཚམས་ནང་མཚམས་བར་མེད་གཏོར།།

     འཇིག་རྟེན་དྲ་རྒྱས་མིད་གྲབས་འདིར།།     ནང་མིའི་ལྷན་འཛོམས་འཐོར་གྲབས་འདིར།།     གོ་སྐབས་ཞེས་པ་འདི་ཙམ་སྟེ།།     ལྷན་འཛོམས་ཤེ་ནའང་འདི་ཀོའོ།།     ཁོ་རོ་ན་ཡི་བཀའ་དྲིན་ལ།།     བཟའ་མི་གོ་ཁར་གོར་རེར་བསྡུས།།     བློ་བཀོད་ཅན་དག་སྐྱིད་ལ་རོལ།།     རྐྱེན་ངན་གྲོགས་ཤར་སྟོན་ཆེན་བཤམས།།     ཤ་ཆང་གླུ་དང་གར་ལ་རོལ།།     སྐྱིད་ཀྱི་གོ་སྐབས་སྟེང་དུ་ཉལ།།     ཁོ་རོ་ན་ཡི་གཉའ་ནས་མནན།།     ནད་ཡམས་མེད་མུག་ཐལ་བར་བརླགས།།
Sydney  06/04/2020

No comments:

Post a Comment