Saturday 18 April 2020

ཞོགས་པའི་བར་སྣང་།

          སྐྲན། [སིཌི་ནིས།]
ཞོགས་པར།
བུ་ཆུང་གིས་རླངས་འཁོར་ཞིག་ཉོས།
ལམ་བར་ནས།
ང་ཡིས་ཞོག་ཁོག་འགའ་ཉོས།

ཁོ་པའི་འདོད་པ་བཞིན།
ང་ཡིས་ཁོ་རང་བར་སྣང་ལ་བཞག


ཁོ་པའི་འདོད་པ་བཞིན།
ཁོ་པས་ང་ཡང་བར་སྣང་ལ་སྤུར།

ནང་ལ་ལོག་པའི་ལམ་བར་དུ།
“*ང་ཡིས་ཁོ་པར་འབྲི་སྐམས་ཤིག་བྱིན།
ཁོ་པས་ང་ལ་གཡག་སྐམས་འགའ་བཤད།”

ཞོགས་ཇ་འཐུང་ཞོར་དུ།
ཞོགས་པའི་བར་སྣང་ཁྱེད་ལ་བསྐུར།
འདྲ་པར་འགའ་ཡང་།
ཞོགས་པའི་བར་སྣང་གི་ཁམས་ཆེན་མོར་གཏོར།

At DeeWhy 19/04/2020

* རང་གི་གོ་རིམ་ཅེས་པའི་སྙན་ངག་ལས་དྲངས།


No comments:

Post a Comment