Saturday 13 July 2019

རྒྱ་མཚོའི་ཕ་རོལ་གྱི་དྭངས་བསིལ།

___ ས་མཐར་གྲོགས་མཆོག་ཅིག་དྲན་པ། 

ང་རང་ན་ནིང་དགུན་གྱི་དུས་སུ་འབྱོར།། 
དེ་དུས་ཨོ་གླིང་རྒྱ་མཚོ་སྔོ་མེར་དྭངས།།
དེ་ནས་དཔྱིད་དང་དབྱར་ལའང་རྙོག་མ་གྱུར།། 
ད་ནི་སྟོན་རྫོགས་དགུན་ཟླ་མགོ་མ་ཚེས།། 
རྒྱ་མཚོ་འདི་ཉིད་གྲོགས་མཆོག་ཁྱེད་ཉིད་བཞིན།། 
དྭངས་བསིལ་འདི་ཡིས་ང་ལ་བདེ་སྟོང་སྟེར།། 

 ཁྱོད་ཉིད་འདི་ཡི་ཕར་ན་སྔོ་མེ་རེ།། 
ཁྱོད་ཉིད་འདི་ཡི་རྒྱབ་ན་འཇམ་ཤར་ལེར།། 
བསམ་ན་རྒྱ་མཚོ་འདི་ཡི་རྦ་རླབས་ནི།། 
རྣ་ལ་ཅུང་ཙམ་གཟན་ཞིང་མིག་ལ་རྫོབ།། 
ཡིད་ལ་ག་ལེར་གནག་ཅིང་སྡང་སེམས་སྟེར།། 
དོན་དམ་ང་ཡིས་ཁྱོད་ཉིད་ཡང་ཡང་དྲན།།

02/07/2019 Australia