Thursday 25 June 2015

གྱ་སྟོན་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན། པར་རིས་གསར་འགྱུར།


ཕྱི་ལོ་༢༠༡༥ཟླ་༦ ཚེས་༢༡སྟེ་བོད་ཟླ་༥ཚེས་༥ནི་བོད་ལུགས་ཀྱི་འདི་ལོའི་སྐུའི་འཁྲུངས་སྐར་དངོས་ལ་ཁེལ་ཞིང་། ཕྱི་ཚེས་༢༡།༢༢།༢༣བཅས་སུ་བཞུགས་སྒར་དྷ་རམ་ས་ལར། མདོ་སྨད་ཆོལ་ཁའི་དར་སྲོལ་ལྟར་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་བྱས་པ་དང་། མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གི་སྐུ་ཚབ་དང་ཧི་མ་ཅལ་དང་ཨ་རུ་ན་ཅལ། འབྲས་ལྗོངས་བཅས་ཀྱི་གནད་ཡོད་མི་སྣ་གང་མང་མཉམ་ཞུགས་གནང་།
ཕྱི་ཚེས་༢༤ཉིན་མདོ་སྨད་དགྱེས་འཛོམས་ཆེན་མོར་༸སྐུའི་ཡབ་གཞིས་སྐུ་འཁོར་ཚང་མ་ཆིབས་བསྒྱུར་གྱིས་བཀའ་སློབ་གནད་དུ་སྨིན་པ་གནང་བ་སོགས་སྔ་གཞུག་གི་པར་རིས་ཕྱོགས་སུ་བསྒྲིགས་པ་གཤམ་གསལ།

Sunday 21 June 2015

༄༅། །འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་རིམ་བྱོན་གྱི་འཁྲུངས་རབ་དེབ་ཐེར་ནོར་བུའི་ཕྲེང་བ་བཞུགས་སོ།།

༄༅།། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་རིམ་བྱོན་གྱི་
འཁྲུངས་རབ་དེབ་ཐེར་ནོར་བུའི་ཕྲེང་བ་
ཞེས་བྱ་བ་བཞུགས་
སོ།།
___ འདི་ནས་ཕྱག་དེབ་རེ་རེ་བཞིན་ཕབ་ལེན་གནང་ཆོག


Monday 1 June 2015

བརྩེ་བའི་ཞལ་གདམས། འོས་སྦྱོར།

特蕾莎修女所说之[爱的箴言]
དགེ་མ་ཐི་ལིས་ཧྲ་ཡི༼བརྩེ་བའི་ཞལ་གདམས།༽
དགེ་རྒན་དམ་པ་བཛྲ་ཚུལ་ཁྲིམས་ལགས་ཀྱིས་བསྒྱུར།

1.  人们经常是不讲道理的,没有逻辑和以自我为中心的,不管怎样,你要原谅他们!
༡: མི་རྣམས་ནི་རྒྱུན་པར་ཚུལ་ལུགས་ལྟར་མི་འགྲོ་ལ། གཏན་ཚིགས་དང་བྲལ་ཞིང་རང་ཉིད་གཙོ་བོར་འཛིན་པ་ཤ་སྟག་ཡིན། ཇི་ལྟར་ཡིན་ཡང་། ཁྱོད་ཀྱིས་ཁོ་ཚོ་གུ་ཡངས་གཏོང་དགོས།
2.  即使你是友善的,人们可能还会说你自私和动机不良,不管怎样,你还是要友善!
༢: ཁྱོད་ལ་མཛའ་མཐུན་གྱི་བསམ་པ་ལྡན་ཡང་། གཞན་དག་གིས་ནི་ཁྱོད་ལ་སྒེར་སེམས་དང་ཀུན་སློང་མི་ལེགས་ཞེས་སྙོན་སྲིད། གང་ལྟར་ཡིན་ཡང་། ཁྱོད་ཀྱིས་ད་དུང་མཛའ་སེམས་སྐྱོང་དགོས།