Sunday 19 January 2014

མི་སེམས་གྱོང་བོ།



ང་ལའང་རླུང་གི་གཤོག་པ་གཉིས་ཡོད་ཅིང་།
འཕུར་བསྐྱོད་ཀྱི་ཡིད་འགུག་ཀྱང་ཡོད་རེད།
ཡིན་ནའང་། ནམ་མཁའ་འདྲ་ཆགས་པོ་དང་།
སྤྲིན་ཕུང་མཐའ་ནག་པ་ཐམས་ཅད་ལ།
ང་ཡི་མིག་ཟུང་སྤྱོད་ཐབས་མི་འདུག
ང་ཡི་སེམས་ཉིད་བརླན་སྙིང་མི་འདུག


འཕྲོ་འདུ་དང་འཕྲོ་འདུ་ལས་འོད་ཟེར་ཉར་མི་ཤེས་པས།
བསྟུན་ཤེས་དང་བསྟུན་ཤེས་ལ་སེམས་པས་རོལ་མི་ཐུབ་པས།
རླུང་བུ་བར་མེད་དུ་ལྡང་ཞིང་ར་རོའི་འཕུར་བསྐྱོད་ཀྱིས།
ང་ལ་སུན་པོ་བཟོས་པ་མང་དྲགས་སོང་།

ང་རང་ལྕེ་རྩེ་བཀད་པར་མི་དགའ་བས་ཡིན་ནམ།
ང་རང་ཡ་ཡོ་བཟོ་རྒྱུར་མ་གོམས་པས་ལན་ནམ།
ལན་པ་བརྒྱ་བོ་ང་རང་ཡིན་སྙམ་པས་འདུ་ཤེས་དེས།
ངས་རང་ཉིད་ལ་བཙོན་འཇུག་བྱས་པ་མང་དྲགས་སོང་།
མནར་གཅོད་མཐའ་དག་བཙན་དྲག་སོང་།
༢༠༡༤།༠༡།༡༩

No comments:

Post a Comment