Wednesday 17 August 2016

མིག་ཆུས་སྙིང་རྩ་བརླན་པ།



བློ་བཟང་འཕྲིན་ལས། [ བོད། ]
སྲ་བརྟན་བྲག་ལ་བཞེངས་པའི།།
ཡིད་བཞིན་ནོར་བུའི་ཕོ་བྲང་།།
བདག་པོ་སུ་དང་གང་ཡིན།།
སྐད་ཆ་ཤོད་དབང་མི་འདུག།

སུ་ཡིས་བཙོང་བ་མ་རེད།།
གང་གིས་ཉོས་པ་མ་རེད།།
བོད་པའི་ལུས་ངག་ཡིད་གསུམ།།
ཡུལ་གྲུ་འདི་ལ་ཐིམ་ཡོད།།

སྔོན་བྱོན་བཙན་པོའི་ཟིལ་ཤུགས།།
ཟླ་མེད་མཁས་པའི་རྣམ་དཔྱོད།།
ཁ་བའི་ལྗོངས་ཀྱི་དཔལ་ཡོན།།
ཕོ་བྲང་འདི་ལ་ཐིམ་ཡོད།།

གསེར་གྱི་ཁྲི་ཁར་བཞུགས་པའི།།
ན་བཟའ་ཆ་ཚང་མཐོང་དུས།།
ཁྱོད་ཉིད་བཞུགས་ན་བསམས་ནས།།
མིག་ཆུས་སྙིང་རྩ་བརླན་བྱུང་།།

འཕགས་མཆོག་སྙིང་རྗེའི་གཏེར་ཆེན།།
གངས་རིའི་དབུ་རྩེར་སྤྱོན་ནས།།
གཞེས་བྱེས་ལྷན་འཛོམས་ཡོང་བའི།།
སྨོན་ལམ་སྙིང་ནས་བཏབ་ཡོད།།

 
 
 
 
 
 
 
 

17.08.2016

No comments:

Post a Comment