Wednesday 10 August 2016

དབྱངས་ཀྱི་མདུད་པ།

 ལོ་ཆུང་། [ བོད། ]
བྱ་རྒོད་བགྲེས་པོའི་གཤོག་སྣེ་ཡིས་བཏེགས་པའི་ནམ་མཁར
རླུང་གིས་བསེད་པའི་སྤྲིན་པ་ཧྲལ་ཧྲིལ་གྱི་དབུགས་ཀྱི་རྒྱུན་ཐག་ཡོ
རལ་བར་གྱུར་བའི་མི་ཡི་བློ་བཀོད་ཀྱང་དེ་རུ་ཡོད

སྙིང་གི་རུས་པར་ན་ཟུག་ཐེབས་པའི་ས་སྲོད་རེ་རེར
རྒས་ཤིང་ཁོག་པའི་གྲིབ་མ་རིང་བོ་འདིའང་གང་དུ་འཇོག
ཁ་ཚིག་རྡོ་བོ་ཕ་བོང་བཞིན་སྲ་བའི་ཁྱེད
ཚིག་དང་ཚིག་གི་བར་གྱི་དྲན་ཤིང་ཡིན་པས
གཡུ་ཡི་ལག་པ་དུད་དྲག་ཅན་དེ
ཐང་ཆེན་པོའི་དཀྱིལ་གྱི་དུ་མ་འཇོག་རོགས

དངོས་གཟུགས་ཀྱི་འོད་སྣང་ཡལ་བའི་དགོང་སྔ་ཕྱི་འདི་དག་ནི
ཐང་སྟོང་དུ་རི་མོ་རེ་རེ་བྲིས་པ་དང་འདྲ་ཡི
རླུང་ལ་རྒྱུས་པའི་བྲིས་ཡིག་དེ་ག་ཐེངས་ཤིག་བཀླགས་དང་ཡང་མཚུངས
2016.08.07 ཉིན།

No comments:

Post a Comment