Wednesday 24 August 2016

ཕ་བོང་།

ཕ་བོང་།
[ཞར་བཀོད་གཉིས།]                          
ལོ་ཆུང་།[བོད།]
ནམ་མཁའ་སྔོན་པོའི་ངོས་སུ་རྒྱ་མཚོ་མཐོང་བས
བདག་གིས་བུ་ལོན་གྱིས་གྲུབ་པའི་མིང་ཡིག་དེ་རུ་སྦྱར

བལྟས་ཀྱིན་བལྟས་ཀྱིན་ནམ་མཁའ་ནི་རིས་ཡུག་ཅིག་ཏུ་འདུག་པས
བདག་གིས་མིང་ཡིག་གཡར་བོ་དེ་ཁྱེད་ཀྱི་ངོས་སུ་བྲིས
དེ་ཡི་མཐའ་རུ་རང་ཉིད་ཁོ་ན་འཆར་བའི་མེ་ལོང་ཞིག་བཞག 


འགྱུར་ལྡོག

ཉི་མས་ང་ལ་གཤོག་པ་བཙུགས
འཕུར་ཆོག་པའི་ནམ་མཁའ་དབང་བར་བྱས
དབྱངས་ཀྱི་ང་རོའང་བསྩལ

ཆར་ཆུའི་ཁེངས་སེམས་དང་ཞི་འཇགས
གཡུ་ཡི་གཤོག་པ་ལྡེམ་པའི་བྱེའུ་དེ
མཚན་མོའི་ངོས་ཀྱི་བྲིས་རིས་གསོན་པོ་ཞིག

ལོ་མ་དག་སེར་བོར་གྱུར
ནམ་ཟླའང་རིམ་གྱིས་སེར་བོར་གྱུར

ཚོར་བ

ན་བུན་གྱིས་བཏུམས་པའི་རི་གྲོང་དེ
གསར་དུ་བཞད་པའི་མེ་ཏོག་ཅིག་དང་འདྲ

རི་སྐེད་དུ་ཅི་ཡང་མི་མཐོང་མོད
སེམས་སུ་ཁྱོད་ཀྱིས་རྡེའུ་འགའ་བསྒྲིགས་ནས
འདི་ནི་འུ་གཉིས་ཀྱི་ཁྱིམ་ཡིན་ཟེར་གྱིན་འདུག

No comments:

Post a Comment