Wednesday 12 June 2013

བོད་ཡིན། འོད་ཡིན།༼གཞས་ཚིག་ཅིག༽

མགོ་ནག་རྩམ་ཟན་བོད་ཡིན།།
བྱམས་དང་སྙིང་རྗེའི་འོད་ཡིན།།
ལག་ལེན་དང་སེམས་པ་མཐུན་ན།
ང་ཚོ་ཚང་མ་བོད་ཡིན།
ང་ཚོ་ཚང་མ་འོད་ཡིན།

མཐོ་སྒང་གངས་ཀྱི་ཡུལ་ཡིན།།
རླུང་དང་ཁ་བའི་གནས་ཡིན།།
སེམས་ཤུགས་དང་ཆིག་སྒྲིལ་ཡོད་ན།
ང་ཚོ་ཚང་མ་བོད་ཡིན།
ང་ཚོ་ཚང་མ་འོད་ཡིན།

བྱང་ཆུབ་སེམས་པའི་རིགས་ཡིན།།
སྙིང་དང་གློ་བ་བྲག་ཡིན།།
བདེན་རྫུན་དང་དཀར་ནག་དབྱེ་ན།
ང་ཚོ་ཚང་མ་བོད་ཡིན།
ང་ཚོ་ཚང་མ་འོད་ཡིན།

བྲག་གི་སྲིན་མོའི་རྒྱུད་ཡིན།།
གདོང་མཆོངས་དཔའ་བོའི་རིགས་ཡིན།།
དྲང་བདེན་དང་གནས་ལུགས་ཡོད་ན།
ང་ཚོ་ཚང་མ་བོད་ཡིན།
ང་ཚོ་ཚང་ན་འོད་ཡིན།

འཇིག་རྟེན་མུན་པ་དགུ་འཁྱིལ།།
གཡོ་དང་བསླུ་བྲིད་དགུ་སྐོར།།
བསམ་ཤེས་དང་བཟོད་བསྲན་ཡོད་ན།
ང་ཚོ་ཚང་མ་བོད་ཡིན།

ང་ཚོ་ཚང་མ་འོད་ཡིན།

No comments:

Post a Comment