Saturday 14 February 2015

མཐའ་མཇུག་གི་སྐྱེལ་ཆང་སྐྱུར་མོ།



 


གཏམ་ངན་ཏེ་ཐོག་མར་ཐོས་པའི་ཚེ་ལ་ཧ་ལས།
གཏམ་ངན་ཏེ་བར་དུ་བདེན་པའི་ཚེ་ལ་ཧོན་འཐོར།
ཐ་མར་མི་ཚོར་ཅི་ཞིག་ཟེར་དགོས་པའང་མི་ཤེས་པའི་ཚད་དུ་བསྐྱལ་ནའང་།
སེམས་ཅན་དག་ནི་སྐྱེས་ཚར་བ་ནས་འཆི་དགོས་པ་གཏན་ཁེལ་བ་དང་།
དེ་ཉིད་ཨུ་ཐུག་ན་ཅི་ཡང་བྱ་ངེས་པ་ཆོས་ཉིད་དུ་གྲུབ་པས།
ཐ་ན། གཏམ་ངན་འདིར་དགྱེས་དགྱེས་བྱེད་པ་དག་གི་མགོ་ནའང་འཆི་བ་གོར་སེ་ཡོད་པའོ།།


སྤྱིར་ན་བོད་ཀྱི་གཞོན་སྐྱེས་ཤེས་ཡོན་པ་གཉིས་མཉམ་དུ་བཞུད་པ་དིས།
ང་ཚོ་ལ་ན་ཟུག་དང་ཕངས་འགྱོད་མང་དུ་བཞག་ཅིང་།
རྟ་ཤི་སྒ་ཆག་གི་ལེའུས་འུ་ཅག་ལ་ཅོང་བརྡ་གསར་བ་ཞིག་སྤྲད་པའང་ཅི་ལ་མིན།

དེར་མ་ཟད།འདས་པས་ཕྲག་དོག་ཞི་བར་འགྱུརགསུངས་པས།
ཕྲག་པ་ན་བའི་རིགས་དག་ལ་ཁུར་བོ་ཞིག་ཐང་དུ་བཞག་པའི་བདེ་བའང་བྱིན་པའོ།།

འབད་པའི་རྔུལ་ཆུ་ཅི་ཙམ་བཏོན་ན་གྲུབ་པའི་འབྲས་བུ་དེ་ཙམ་ཡོད་པ་བཞིན།
རྒྱལ་སྤྱིའི་PENརྩོམ་པ་པོའི་མཐུན་ཚོགས་ཀྱིས་ཉིད་ལ་*མྱ་ངན་གསར་འཕྲིན་སྤེལ་བ་དང་།
ལོ་ངོ་གཉིས་ཀྱི་ལས་གྲོགས་སུ་གྱུར་བ་ཁོ་བོས་ཀྱང་ཐ་མའི་སྐད་ཆ་འདི་འདི་ནས་ཕྱི་ལ་བཏང་ངོ་།།


འདས་པོ་ཁོ་རང་དང་ལག་འཇུ་ཐ་མ་བཏང་ནས་ཉིན་ལྔ་བ་དང་ཁོང་ཉིད་འདས་པའི་མཚན་གསུམ་པར་སྐྱོ་གདུང་ཆེན་པོས།
2015/02/14 མཚན་མོར་སྤེལ།
*          http://www.pen-international.org/newsitems/pen-mourns-death-of-friend-and-vice-president-of-pen-tibetan-writers-abroad-lobsang-chokta/2015/02/14 མཚན་མོར་སྤེལ།





No comments:

Post a Comment