Sunday 4 December 2016

བུ་མོ་རྣམས་པས་མི་ཚེའི་འཁྲིག་པ་ཐོག་མར་དོ་སྣང་བྱེད་དགོས་པའི་སྐོར།


རྒྱལ་ཚང་འཇམ་དབྱངས་ཤེས་རབ།


རྒྱལ་མཆོག་ངག་དབང་བསྐལ་བཟང་རྒྱ་མཚོ་དང་།།པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་སོགས་པས།དཔྲལ་བའི་སྤྱན་བཞིན་གཅེས་པའི་ཐུགས་སྲས་ཏེ།།ཀློང་རྡོལ་བླ་མ་ངག་དབང་བློ་བཟང་སོགས།།དུས་འཁོར་རྩ་རྒྱུད་ཉམས་སུ་བཞེས་མཁན་གྱི།།རྗེས་འབྲངས་རྩིས་པ་རྣམས་ཀྱིས་གསུང་སྒྲོས་ལྟར།།
འཚོ་བཅུད་རིག་པའི་མངར་ཆའི་རོ་ཞིམ་ཞིང་།།མ་བཅོས་ཡུལ་གྱི་བཀོད་པ་ཡོངས་རྫོགས་པའི།།མདོ་དབུས་ཁམས་ཀྱི་ཡུལ་ལུང་གྲོང་ཁུལ་དུ།།འཚོ་གཞེས་གནང་བའི་བུ་མོ་གཞོན་ནུ་མའི།།མི་ཚེའི་འཁྲིག་པ་དང་པོའི་སྐོར་ལས་འཆད།།མི་ཚེའི་ཁྲོད་ཀྱི་འཁྲིག་སྤྱོད་ཐོག་མ་དེ།།བོད་ཟླ་ཡག་ཤོས་ནང་དུ་བརྩམ་ན་ལེགས།།


བོད་ཟླ་དང་པོ་ཡིན་པའི་དུས་ཚིགས་ལ།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུ་མོ་དེ་ནི་དཔལ་གྱིས་ཕྱུག།བྱ་དངོས་ཀུན་ལ་མཚར་དུ་ལྟ་བ་སྟེ།།རབ་བྱུང་པ་དང་བཀྲེན་པོའི་གཉེན་རྣམས་ལ།།བློ་དཀར་ཟོལ་བ་མེད་པས་སྐྱོང་བར་བཤད།།བུ་མོ་རྣམས་ཀྱི་འཁྲིག་པ་ཐོག་མ་དེ།།བོད་ཟླ་གཉིས་པའི་སྐབས་སུ་བརྩམས་པ་ན།།སྐྱེས་མའི་ཡིད་ཀྱི་བསམ་དོན་འགྲུབ་པ་དང་།།བདེ་ཞིང་སྐྱིད་པའི་འཚོ་བའི་དཔལ་དར་ཡོང་།།དཀར་པོའི་ཆོས་ལ་སྤྱོད་པས་ཁྱོ་གས་བྱམས།།བུ་མང་རྙེད་དེ་དེ་རྣམས་ས་ལས་རྒྱལ།།དེ་བས་ས་སྟེང་ཀུན་ལས་རྒྱལ་བ་ཡི།།བུ་མོ་དེ་འདྲ་ཟླ་བ་འདིར་བདམས་ན།།བདེ་སྐྱིད་ཁྱིམ་གཞིའི་སྟན་དུ་བྱས་ཆོག་གོ།བོད་ཟླ་གསུམ་པའི་དུས་སུ་སྤྱད་པ་ན།།རྗེས་སུ་ཡོང་རྒྱུ་བུད་མེད་གང་དེ་ལ།།སྐྱེས་པ་ཀུན་གྱིས་བཀུར་བར་བྱེད་ན་ཡང་།།རང་དང་ཁྱོ་ག་མྱུར་དུ་གྱེས་པར་བཤད།།བུད་མེད་གང་དེས་ཟླ་བ་གསུམ་པ་ལ།།སོ་སོའི་མི་ཚེའི་འཁྲིག་པ་དང་པོ་དེ།།སྤྱད་པས་མ་འོངས་དུས་ཀྱི་ལམ་ཁ་རུ།།དེ་འདྲའི་བརྒྱུད་རིམ་ཅིའི་ཕྱིར་ཡོང་ཞེ་ན།།བོད་ཟླ་གསུམ་པའི་གནམ་གཤིས་དྲོད་གྲང་དང་།།བུད་མེད་དེ་ཡི་ལུས་ཁམས་བཟང་ཞན་དང་།།སྐྱེ་ཁམས་དགོས་པར་ཉེ་བར་མཁོ་བ་དང་།།རླུང་མཁྲིས་བད་ཀན་དག་གི་འཕེལ་འགྲིབ་སྟེ།།གསོག་ལྡང་ཞི་བ་གསུམ་གྱི་འཕོ་འགྱུར་གྱིས།།སེམས་ཀྱི་སྣང་ཚུལ་སོགས་ལ་འབྲེལ་ཡོད་སྐད།།བོད་ཟླ་བཞི་བའི་དུས་ལ་བུ་མོ་ཡི།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུ་མོ་དེ་ལ་དགེ་སེམས་ལྡན།།ཀུན་སྤྱོད་གཙང་ཞིང་བདག་པོས་གཅེས་སྐྱོང་སྟེ།།ཆོས་དང་རྒྱུ་ནོར་ལེགས་ཤིང་ཚང་བར་འགྱུར།།བོད་ཟླ་ལྔ་བའི་དུས་ལ་བུ་མོ་ཡི།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུ་མོ་དེ་ལ་རྒྱུ་ནོམ་འཛོམ།།བྱད་གཟུགས་མཛེས་ཤིང་ཞུམ་མེད་དཔའ་མཛངས་ལྡན།།ཤེས་ཡོན་ཅན་གྱི་སྐྱེས་པ་ཞིག་རྙེད་ཅིང་།།སྐྱེས་པ་དེ་ཡིས་བྱམས་ཀྱང་བྱམས་པར་བཤད།།དེ་བས་དེ་རྣམས་ཡོད་པར་སྨོན་གྱིན་པའི།།བུད་མེད་རྣམ་པས་ཅིས་ཀྱང་མི་ཚེ་ཡི།།འཁྲིག་པ་དང་པོ་ཟླ་འདིར་སྤྱོད་རྒྱུར་བསྒུག།བོད་ཟླ་དྲུག་པའི་དུས་ལ་བུ་མོ་ཡི།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུད་མེད་དེ་ནི་ནད་ཀྱིས་ཉེན།།ཤ་ལས་མཆེད་པའི་བུ་དང་བྲལ་ནའང་།།མས་དང་བརྩེ་བའི་ངང་ཚུལ་སྐྱོང་བ་སྟེ།།སྦྱིན་པའི་ཆོས་ལ་རྟག་ཏུ་སྤྱོད་པར་འགྱུར།།བོད་ཟླ་བདུན་པའི་དུས་ལ་བུ་མོ་ཡི།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་མོ་དེ་ཆགས་པས་ཚིམས་པ་མེད།།བུ་ཕྲུག་བཙས་པ་ཐམས་ཅད་བྱིས་དུས་འཆི།།འོན་ཏེ་ཀླུ་ལ་བཅོལ་ན་བཟློག་པར་བཤད།།དེ་བས་ཁྱོ་གར་ཚོར་སྲལ་ཡ་མེད་ཅིག།རྒྱུན་དུ་སྟེར་བར་འདོད་པའི་བུད་མེད་ཚོས།།ཟླ་འདི་བདམས་ན་བཟང་ཤོས་ཡིན་མོད་ཀྱང་།།བུ་ཕྲུག་བསམས་ན་ཟླ་འདི་གདམ་པར་ཕྲལ།།ཆགས་འཕེལ་ཆེད་བཀོལ་སྨན་དང་ཡོ་བྱད་མང་།།བོད་ཟླ་བརྒྱད་པའི་དུས་ལ་བུ་མོ་ཡི།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུ་མོ་དེ་ལ་མི་བཟད་པའི།།སྡུག་བསྔལ་འབྱུང་ཞིང་ལུས་ལ་ནད་རིགས་ཀྱིས།།གཙེས་ཏེ་དབུལ་ཞིང་ཕོངས་ནས་འཆི་བར་བཤད།།
དེ་བས་ཟླ་འདི་ནམ་ཡང་འདེམ་མི་རིགས།།བོད་ཟླ་དགུ་པའི་དུས་ལ་བུ་མོ་ཡི།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུ་མོ་རང་གི་ཁྱོ་གར་བཀུར།།བུ་མང་བཙའ་ཞིང་བུ་མོ་ལ་ལ་ཞིག།ལོ་ན་ཕྲ་བའི་དུས་སུ་འཆི་བ་ཡོད།།འོན་ཀྱང་ནོར་གྱིས་ནམ་ཡང་ཕོངས་དུས་མེད།།དེ་བས་རིགས་བརྒྱུད་སྤེལ་ལ་བྲེལ་པ་དང་།།ཆུང་མས་རང་ལ་གུས་བཀུར་ཡོད་འདོད་དང་།།རྒྱུ་ནོར་འཕོངས་མེད་འདོད་པའི་སྐྱེས་པ་ཚོས།།ཟླ་འདི་བདམས་ན་ཡག་ཤོས་ཡིན་ཡང་རུང་།།སྙིང་སྡུག་ལས་མཐུན་ཆུང་མ་འགའ་རེ་ཡང་།།ལོ་ན་ཕྲ་བའི་དུས་སུ་འཆི་ཉེན་ཡོད།།བོད་ཟླ་བཅུ་པའི་དུས་ལ་བུ་མོ་ཡི།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུ་མོ་དེ་ཡི་མ་ཕྱོགས་ཀྱི།།ཁྱིམ་རྣམས་རེ་ཞིག་འཕོངས་པར་འགྱུར་ནའང་།།རང་གི་ཁྱོ་དང་ལྷན་ཏུ་གནས་ཚེ་ལ།།ཕུན་ཚོགས་བདེ་སྐྱིད་དཔག་མེད་འཐོབ་པར་བཤད།།བོད་ཟླ་བཅུ་གཅིག་ཡིན་པའི་དུས་ཚིགས་ལ།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུ་མོ་དེ་ནི་ཁྱོ་གར་བྱམས།།རབ་བྱུང་པ་དང་ཚུལ་ཁྲིམས་ཅན་སོགས་ལ།།མཆོད་པར་སྟོབ་ཅིང་དམ་པའི་ལྷ་ཆོས་ལ།།འབད་མེད་སྤྱོད་བཞིན་འཚོ་ཞིང་གནས་པར་བཤད།།དེ་བས་དེ་འདྲའི་ཆུང་མར་ཡིད་སྨོན་གྱི།།སྐྱེས་པ་རྣམས་ཀྱིས་ཟླ་འདིར་གདམ་ན་ལེགས།།བོད་ཟླ་བཅུ་གཉིས་ཡིན་པའི་དུས་ཚིགས་ལ།།མི་ཚེའི་འཁྲིག་པ་ཐོག་མ་སྤྱད་པ་ན།།འབྱུང་འགྱུར་བུ་མོ་དེ་ནི་ཁྱིམ་ནང་གི།ལས་ལ་མཁས་ཤིང་བློ་གྲོས་རབ་ཏུ་གསལ།།འཁྲིག་པའི་ཐབས་ལ་བྱང་གོམས་ཡོད་པ་སྟེ།རང་གི་ཁྱོ་གས་བྱམས་ཤིང་ཀུན་གྱིས་གུས།།དེ་བས་ཆགས་ལྡན་ཕོ་སྐྱེས་ཕལ་ཆེར་བས།།བུ་མོ་དེ་འདྲར་འཁྲེན་ཞིང་རྩེ་ངེས་ཡིན།།གོང་དུ་སྨྲས་ཟིན་འདོད་པའི་བསྟན་བཅོས་འདི།།ཡན་ལག་མཆོག་ཏུ་གྱུར་པའི་བུ་མོ་ཚོའི།།མི་ཚེའི་འཁྲིག་པ་ཐོག་མ་ཟླ་གང་ལ།།སྤྱད་པའི་འབྲས་བུར་སྦྱར་ན་ཆོག་པ་སྟེ།།བུ་མོ་ལོ་ཚོད་བཅུ་གཉིས་ལོན་པ་ནས།།ལྔ་བཅུའི་བར་དུ་ཟླ་རེར་བསགས་པའི་ཁྲག།རྩ་ཆེན་གཉིས་ལས་བྱུང་ཞིང་རྩ་རླུང་གིས།།མངལ་གྱི་སྒོ་རུ་ཕྱུང་ནས་ཞག་གསུམ་འཛག།ཟླ་མཚན་ཁྲག་ཐིགས་ཐོག་མ་ཟླ་གང་ལ།།བབས་པའི་འབྲས་བུར་སྦྱར་ཆོག་པའང་ཡིན།།འཁྲིག་བདེ་མཆོག་དམན་ཀུན་གྱིས་རྙེད་ནུས་ཏེ།།འཁྲིག་བདེ་ཇ་ཡུན་ཙམ་ལས་མྱོང་ཐུབ་པས།།ངོ་མཚར་ཡོད་པར་ངོ་མཚར་མི་འཛིན་པར།།ས་སྐྱ་བླ་མས་གླེན་པའི་རྟགས་སུ་གསུངས།།མི་ཡི་འགྲོ་བ་ཕོ་མོའི་འཁྲིག་པས་བསྒྲུབ།།དེ་ལྟར་བསམ་ན་དབང་བོ་གཉིས་སྦྱོར་ལས།།ལྷག་པའི་དོན་ཆེན་བྱ་བ་མེད་ཅེས་ཀྱང་།།ཨ་ཁུ་དགེ་ཆོས་ཚང་གིས་ཡང་ཡང་གསུངས།།འོལ་ཚོད་བྱས་ཏེ་ཁོ་བོས་འདོད་གཏམ་འགའ།།ཡི་གེར་ཕབ་ལས་རྒྱུས་དེ་ཁོ་བོར་སྟོངས།།འོན་ཏང་འདོད་གཞུང་གཞན་དུ་གསལ་ཡོད་དེ།།མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཡིས།།མཛད་པའི་འདོད་བསྟན་(ཀུན་ཏུ་དགའ་བའི་གཏེར)།།དེ་སོགས་ནང་དུ་གསལ་དག་ཞིབ་ཏིག་ངང་།།འཁྲིག་པ་སྤྱོད་སྟངས་འབའ་ཞིག་བསྟན་གདའ་མོ།།ད་དུང་རྒྱས་པའི་འཁྲིག་ཐབས་ཤེས་འདོད་ན།།མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་ཉིད་ཀྱིས།།བརྩམས་པའི(འདོད་པའི་བསྟན་བཅོས)དེ་ལ་གཟིགས།།བཞེད་དང་མི་བཞེད་སོ་སོའི་རིག་པས་དཔྱོད།།འོན་ཀྱང་མི་འགས་ཁོ་བོ་གྲྭ་སྨྱོན་ཞིག།ཡིན་སྣང་ཤར་ནས་མ་སྨྱོས་པ་དེ་རྣམས།།ཁྲེལ་དགོད་ཤོར་ན་ལོས་ཤོར་དེ་བཞིན་གྱིས།།དགེ་འདུན་པ་ཡི་ལྷག་མ་བཅུ་གསུམ་ལས།།ཆགས་པའི་སེམས་ཀྱི་ཀུན་ནས་བསླངས་པ་སྟེ།།འཁྲིག་ཚིག་སྨྲ་བས་ལྷག་མ་འབྱུང་བ་ནི།།རྒྱལ་བས་གསུངས་པས་བཟོད་གསོལ་ཞུ་བའོ།།

No comments:

Post a Comment