སྙིང་བཏོན་ཏེ་གླེང་བ།
____ སྲིང་ཆུང་གུ་རུ་སྐྱིད་ལ་འཕྲི ན་ལན་དུ།
ཐེའུ་རང་།
ཕན་ཚུན་ངོ་མ་ཐུག་ལ་སྐད་མ་གོ་བར་ ལོ་ངོ་ཧྲིལ་པོ་གཅིག་ལྷག་འགོར་ བའི་དེ་རིང་།
ཁྲི་མུན་བཙོན་གྱི་འོབས་སུ་ཁྱོད་ ཀྱིས་བསྐུར་བའི་འཕྲིན་དང་འདྲ་ པར་འབྱོར་བར་དགའ་བ་སྨྲ་མི་ཤེས་ པ་སྐྱེས་བྱུང་།
གནམ་ས་གུ་དོག་པ། གདུག་པ་ཆེ་བ། མུན་པ་འཐིབ་པ་འདི་རུ་ཕ་སྐད་ཀྱི་ འཕྲིན་དང་དཔེ་ཆ་འབྱོར་རྒྱུ་ནི་ མཁའ་ཡི་མེ་ཏོག་ལྟ་བུར་ཆགས་ཡོད་ ལ།འཕྲིན་ཕར་སྐུར་ཚུར་འོང་ལ་ཀླད་ ནས་ལྟ་རྟོག་དང་ཞིབ་བཤེར་ཞེ་དྲག་ ནན་མོ་བརྒྱུད་དགོས་པས།ནང་གི་དེ་ ཉིད་མངོན་པར་མཚོན་པའི་སེམས་ཀྱི་ གདངས་ཤིག་ནམ་ཡང་འདོན་ཐབས་དཀའ། འདི་ནི་བཤད་མི་ཤེེས་པའི་སྡུག་ བསྔལ་ཅིག་རེད་ཨང་།ཀླད་ལ་དེའི་སྐ ོར་ནས་ཡོད་འོས་པའི་ཐོབ་ཐང་དང་ རང་དབང་།གནས་ལུགས་རྒྱུ་མཚན་ལ་དྲ ངས་ནས་ཁ་གསལ་གཏིང་གསལ་གྱིས་ཡང་ དང་ཡང་དུ་བཤད་ནའང་།དེ་དག་གི་དེ་ དག་ཁབ་ཆག་ས་འོག་ལས་མ་འདས།
ཤིན་ཏུ་སྟབས་ལེགས་པ་ལ།དེ་རིང་ཁྱ ོད་ཀྱིས་བསྐུར་བའི་ཕ་སྐད་ཀྱི་ འཕྲིན་ཡིག་ཤོག་ལྷེ་གཉིས་པོ་ཆད་ ལྷག་འབྲུ་གཅིག་མེད་པར་འདི་གར་ འབྱོར་བྱུང་བར།དངོས་གནས་ཚིག་གི ས་མི་ཁྲོལ་བའི་དགའ་བ་སྐྱེས་བྱུ ང་།བྱེ་མའི་ཐང་ཆེན་པོ་ན་ཚ་བས་ གདུང་བའི་སྲོག་ལྡན་སུ་ཞིག་གི་ཁ་ ལ་ཆར་ཆུའི་ཐིགས་པ་གཅིག་ཟགས་པ་ལྟ ་བུའི།འཆི་ཁའི་ཕྱི་མིག་ལས་ཀྱང་ རྣོ་བའི་ཚོར་བ་འདི་ནི།དག་དག་དབྱ ངས་གསལ་གྱི་ཕྲེང་བར་བརྒྱུས་པའི་ ཡི་གེའི་གཟུགས་རིས་སྙིང་ཉེ་བ་ འདིས་བསྩལ་འོང་པ་ཞིག་རེད་ཨང་།སྙ ུ་གུ་འཛིན་མཁན་ཞིག་ལ་མཚོན་ན།ཤོ ག་བུའི་ངོས་ཀྱི་ནག་ཆུང་ཡི་གེ་ ལས་མཛེས་པའི་རི་མོ་ཞིག་དང་།
དེའི་གསེང་དང་ལྟེམས་སུ་འཕྱོ་བའི ་རྣམ་ཤེས་ཀྱི་སྐད་སྒྲ་ལས་སྙན་ པའི་རོལ་མོ་ཞིག་གང་དུ་ཡོད་དེ་མི ་འདུག་གོ།ལྷག་པར་དུ།བོད་མི་སྙུ ག་ཐོགས་པ་ཞིག་ལ་མཚོན་ན།བོད་ཡིག་ བོད་སྐད་ལས་རྣོ་བའི་ཚོར་བ་ཞིག་ དང་དད་མོས་ཤིག་ཡུལ་དུས་གང་ལའང་ མེད་རེད།
ལྟ་སྲུང་ཁང་དུ་འབྲི་ས་འབྲི་བྱེ ད་མ་རྙེད་པར་བརྩེ་གདུང་དང་ཆགས་ སྡང་ཡོད་ཚད་ནང་དུ་བསྡམས་ནས"སྡུ ག་སྒོང"བྱེད་དུས་དང་།
ཡང་བཙོན་ཁང་འདི་རུ་ཐོན་དུས། བོད་ཡིག་གི་འཕྲིན་དང་དཔེ་ཆ་འབྱོ ར་ས་མེད་པར་བཙན་སྡོམ་བྱེད་དུས།
ངས་ང་རང་གསོན་བྱེད་དང་འཆི་བྱེད་ ཀྱི་ཚབ་ཉན་པའི་སྟོབས་ཤུགས་ལ།ལག་ ནང་གི་སྙུ་གུ་འདི་དང་།དབྱངས་ གསལ་གྱི་རི་མོ་འདི་ལས་ཐུ་བ་ཞིག་ མེད་པ་གཞི་ནས་རྟོགས་བཞག
འདིས་སྙུ་གུ་འཛིན་མཁན་ཞིག་གི་ཕུ གས་བསམ་དང་དད་མོས་མཚོན་གྱིན་ཡོ ད་ལ།
ཁྱད་པར་དུ་བོད་མི་སྙུག་ཐོགས་པ་ ཞིག་གི་རེ་འདུན་དང་། གནས་བབ།
སྐྱིད་སྡུག་མཚོན་གྱིན་ཡོད་པའང་ རེད།་དེ།རང་དབང་དང་། འདྲ་མཉམ། དམངས་གཙོའི་དུས་རབས་འདི་འདྲ་ཞི ག་ལ།ལག་ནང་གི་སྙུ་གུར་ཆག་འཇིག་ བཙན་གཡེམ་ཐེབས་པའི་འགྲོ་བ་ལས་ ངན་ཞིག་ལ་བོད་མི་ང་ཚོ་ལས་སུ་ཞི ག་ཡོད་དམ།
དུས་དེ་རིང་སྙུ་གུ"འཛིན་ཉེས"དང་ སྐད་ཆ"བཤད་ཉེས"ཀྱི་བཀའ་ཁྲིམས་ཕོ ག་སྟེ་ནག་པོ་བཙོན་དུ་སྡོད་དགོས་ བྱུང་བ་དང་།བཙོན་ནས་སྙུ་གུ་མ་རྙ ེད་པར་ཅི་ཞིག་འབྲི་འདོད་ཀྱི་འདུ ན་པས་ཡིད་སེམས་མནར་བའི་མྱོང་ཐོ བ་འདིས།ང་རང་གསོན་བྱེད་ཀྱི་གདེ ང་དང་འཆི་བྱེད་ཀྱི་སྟོབས་ནི་ལག་ ནང་གི་སྙུ་གུ་འདི་དང་།
དེའི་རྩེ་མོར་འཁྲུངས་པའི་དབྱངས་ གསལ་གྱི་རི་མོ་འདི་ལས་མེད་པའི་ ཕུགས་བསམ་དང་དད་མོས་སེམས་ངོ་འཕྲ ོད་བྱུང་ལ།ཡུལ་དུས་གནས་བབ་གང་ ལའང་།
ལག་ནང་གི་སྙུ་གུ་འདི་མི་འདོར་ བའི་ཆོད་སེམས་གོར་མ་རྡོ་བཞིན།ཡོ མ་ཡོམ་ལྕུག་ལྕུག་མེད་པར་སེམས་ཀྱ ི་ས་གཞིར་སྲ་བཀན་ནེར་གདབ་སོང་ པས།
ཕྱོགས་གཞན་ཞིག་ནས་ཁྲི་མུན་བཙོན་ གྱིས་ང་དང་སྙུ་གུའི་བར་ལ་བརྩེ་ གདུང་དང་ཡིད་ཆེས་འདི་འདྲ་སྲ་མོ་ ཞིག་བསྩལ་སོང་བར་བཀའ་དྲིན་ཞུས་ ན་རེད་ཨང་།
རེད་དེ།
མི་ཚེ་འདིར། ཁྱོད་ཀྱི་ཕུ་བོ་ང་བོད་ཀྱི་འགྲོ་ བ་ལྟེ་ཐོགས་སུ་སྐྱེས།
སྙུ་གུ་དང་ལས་འབྲེལ་རྙེད། བོད་ཀྱི་རིག་གནས་ཀྱི་བྱིན་ཐོབ། དབྱངས་གསལ་སུམ་ཅུར་གྲོགས་ཆགས།
ཁྱད་པར་དུ་རྩོམ་རིག་ཅེས་པའི་རི ག་པ་བླ་ན་མེད་པ་འདི་ལ་ཞེ་འདྲིས་ སུ་སོང་པ་ནས།
ཁེར་རྐྱང་དང་། གདུང་སེམས།བློ་ཕམ། འཇིགས་སྐྲག་སོགས་འདི་དང་འདི་ལ་ བསྐྱབས་ཤིང་།
རང་དབང་དང་། ཡིད་ཆེས། དད་མོས། ང་རྒྱལ། བརྩེ་གདུང་སོགས་ཀྱང་འདི་དང་འདི་ ཡིས་བསྩལ་བ་ལགས་ན།
སྐྱིད་སྡུག་གི་ཕུན་ཚོགས་འདི་དང་ ཆགས་སྡང་གི་རོལ་མོ་འདི་འཛད་པ་ དང་འཇགས་པ་མེད་ཨང་།
ཡུལ་དུས་གང་ལའང་། མཛེས་པའི་ཕུགས་བསམ་འདི་སྙིང་ལ་ ཕུར་བུར་གདབ་ཡོད་པས།དེ་ནི་དབང་ ཤེད་གང་གིས་ཀྱང་གཏུབ་ཐུབ་པ་ཞིག
གཅད་ནུས་པ་ཞིག འབལ་དོ་བ་ཞིག་ཡེ་ནས་མ་ཡིན།
རང་དབང་གི་བསམ་བློ་དང་དད་མོས་ནི ་བསམ་པའི་ནང་ན་གནས་པའི་སྟོབས་ཤུ གས་ཤིག་ཡིན་པ་ལས།
ལག་མགོ་རྐང་མགོར་ཐོགས་པའི་འདོ གས་ཆ་ཞིག་མིན་ན། རྐག་སྒྲོག་ལག་སྒྲོག་ལ་ནི་འཇིགས་ དགོས་ཅི།ཁོ་བོ་དང་ཁོ་བོ་ལྟ་བུའི ་བོད་མི་སྙུག་ཐོགས་པ་དག་གནས་མི་ སྡུག་པ་འདི་འདྲ་ཞིག་ཏུ"གསོན་སྦ ས"བྱས་པ་ཡིས།
ཁོ་བོ་དང་ཁོ་བོ་དག་གི"ནང་བླ་གསོ ན་དུར"བྱས་བཞག་ཡོད་སྙམ་ཡོད་ན།
དེ་ནི་རྩ་བ་རྡོ་རྗེ་གདན་ནས་འཆུ ག་སོང་བ་རེད་ཅེས་སྨྲ་ཡི་ཡིན་ཏེ།
དུས་དེ་རིང་ད་ལྟ་ཡང་། ཁྲི་མུན་བཙོན་གྱི་གནས་སུ་ངས་ང་ ཡི་རང་དབང་གི་བསམ་བློའི་ངོས་ནས་ སྐད་ཆ་སྨྲ་ཡི་ཡོད་པས་འདིས།སྒེར་ གཅོད་པའི་ཕུགས་རེ་འདོད་མོས་ཇི་ བཞིན་དུ་མ་འགྲུབ་པའི་གསལ་ཐམ་བརྒ ྱབས་པ་ཡིན་ནོ།།
སྙིང་ཉེ་བའི་སྲིང་ཆུང་། ཞེ་ཁྲལ་སེམས་གཅོང་མི་དགོས་ཏེ།
ཁྱོད་ཀྱི་ཕུ་བོ་ང་ནི་མི་བུ་ཕལ་ བ་ཉམ་ཆུང་བ་ཞིག་ཡིན་ནའང་། བླ་ན་མེད་པའི་རང་རེའི་རིག་གནས་ སྙིང་སྟོབས་དང་།
ཕུན་སུམ་ཚོགས་པའི་སྐད་དང་ཡི་གེ། ཡིད་དུ་འོང་པའི་རང་བྱུང་རི་ཆུ།
ལྷུན་ཆགས་པའི་བག་ཆགས་འདུ་ཤེས་སོ གས་ནི་དེ་འདྲའི་གཞོམ་གཞིག་མེད་ པ་སྟོབས་འབར་བ་ཞིག་རེད་ཨང་།ད་ལྟ །དེ་དག་གིས་ང་རང་སྲུང་སྲུང་ལ་ཡོ ད།
དོན་དུ་ང་ནི་དེ་དག་གི་ནང་དུ་ གནས་བཅས་ཏེ་བསྡད་ཡོད་ཨང་།
དེ་དག་ནི་ཁ་གྲག་ཤེས་པའི་བརྩེ་བ་ དང་སྙིང་རྗེ་དང་སྟོབས་ཤུགས་བླ་ ན་མེད་པ་ཞིག་རེད་ཨང་།
གཞན་ཡང་།
ཁྱོད་ཀྱིས་བོད་ཀྱི་སྐད་ཡིག་ཟིན་ བྲིས་སུ་རང་གི་གནམ་ས་ཁེར་ཚུགས་ པ་ཞིག་ལ་བདག་བརྒྱབས་ནས་རྩོམ་འབྲ ི་བཞིན་ཡོད་པ་དེ་ལས་ཀ་ཡག་པོ་ཞི ག་རེད། རྩོམ་འབྲི་བ་ནི་གཟབ་ནན་གྱི་ལས་ ཀ་ཞིག་རེད།
ལྷག་པར་དུ་པོད་ཁུག་ཏུ་རྩོམ་འབྲི ་བ་ནི་ནན་ཏན་ཧ་ལས་པ་བྱེད་དགོས་ པའི་ལས་ཀ་ཞིག་ཡིན།བོད་ཀྱི་སྐད་ ཡིག་ཟིན་འདི་ལ་ང་རང་འདང་ཞེ་རྩི ས་ཟབ་མོ་ཡོད།དེས་ང་ཡི་རྩོམ་འབྲི ་དང་བསམ་གཞིག་ཐད་ལ་ས་མཚམས་རྡོ་ རིང་ལྟ་བུའི་ཕན་ཐོགས་ཡོད།
ཡང་ཅིག་བཤད་ན། དེ་རིང་ཁྲི་མུན་འོབས་ན་གནས་པའི་ ང་རང་།
བོད་ཀྱི་སྐད་ཡིག་ཟིན་བྲིས་སུ་ ཆགས་པའི"ཐེའུ་རང་གི་བཙན་ས"ཞེས་ པའི་གཞིས་ཀ་དེ་ནས།རང་དབང་གི་ བསམ་བློར་ཆིབས་བསྒྱུར་ཞིང་།
གོ་མཚོན་རུ་དར་དག་ཀྱང་གཞིས་ཀ་དེ ་ནས་ཕྱར་ཏེ་ཐོན་པ་ཞིག་ཡིན་བཞག
ཁྱོད་ཟིན་བྲིས་སུ་ཞུགས་པ་ནས་ཁྱོ ད་རང་ཉིད་ཀྱི་གཏམ་སྦྱོར་ལ་འགན་ འཁུར་དགོས་པ་དང་།
དྲ་བའི་རིག་གནས་ཁོར་ཡུག་ལ་འགན་ འཁུར་དགོས་པ་མ་ཟད།
བོད་ཀྱི་སྐད་དང་ཡི་གེ་ལའང་འགན་ འཁུར་དགོས།འགན་འཁྲིའི་འདུ་ཤེས་ ལྕི་མོ་ཞིག་དང་།
དཀྱེལ་ཡངས་ཀྱི་བློ་ཁོག་ཡངས་མོ་ ཞིག དཀའ་ཐུབ་ཀྱི་སྙིང་རུས་སྲ་མོ་ཞིག
ད་རུང་ཁེར་རྐྱང་གི་ངང་ཐག་རིང་མོ ་ཞིག་དང་། ཚུགས་ཐུབ་ཀྱི་ལངས་ཕྱོགས་བརྟན་མོ ་ཞིག་མེད་ན།
ཟིན་བྲིས་གཉེར་ནས་རྩོམ་བྲིས། བགྲོ་གླེང་བྱས། བསམ་བློ་བརྡར།
ཤེས་རབ་བསེད་པ་ནི་ལས་སླ་མོ་ཞིག་ ཡེ་ནས་མ་ཡིན། དྲ་ལམ་དུ་འུར་འདྲོག ཧོལ་རྒྱུག
ཕོ་ཚོད།གཡོ་སྒྱུ། བཀའ་ལོག སྨད་དམོད་སོགས་ཀྱི་སྐད་སྒྲ་སྣ་ ཚོགས་པ་ཚེར་མ་དང་མདའ་མདུང་གི་ཚུ ལ་གྱིས་རྣ་བར་ཟུག་རྒྱུ་མང་པས།
རྟག་པར་དཔྱོད་ཤེས་དང་། གཟབ་ནན།བསམ་གཞིག འགན་འཁྲི། ཧུར་བརྩོན་བཅས་མི་འདོར་རྒྱུ་གལ་ ཆེ་བ་ཡོད།
དྲ་ཐོག་རིག་གནས་བགྲོ་གླེང་ནི།སྟ བས་བདེ་རང་དབང་ཅན་གྱི་བསམ་བློའི ་གླེང་སྟེགས་ཤིག་ཡིན་པ་ལས།
རང་དབང་གི་གོ་བ་དཀྱོགས་ལོག་ཏུ་ འཁྱེར་ནས། རང་སྣང་གང་ཤར་གྱི་སྐད་ཆ་དག་བདག་ མེད་དུ་གཡུགས་ཏེ་རྩོད་རྙོག་བཟོ་ བ་དང་།མི་གཞིར་དམའ་འབེབས་པ།
གྲགས་འདོད་སྒེར་ཁེ་གཉེར་བ། ཡི་གེའི་གད་སྙིགས་སྤུངས་པ་ཡིན་ ན་ནི་རྩ་བ་དགུ་ནས་མ་འགྲིག་པ་རེ ད་ལ།རང་ཅག་ཚོ་སྣང་ཚུལ་ཕྱི་མ་དེ ར་གོམས་ཡོད་པས།
རྣམ་པ་ཐམས་ཅད་དུ། བཙོག་པ་འཁོར་རྒྱུག་དང་ངན་པ་རུབ་ འདུས་ཀྱི་རིག་གནས་མཁའ་དབུགས་དེ འི་ནང་དུ་མི་ཐིམ་རྒྱུ་ཤིན་ཏུ་ གལ།འུར་ཟིང་ཞོག་འདྲོག་གི་ཁོར་ཡུ ག་དེ་ནས།
ཁྱོད་ཀྱིས་བདག་པོ་རང་གི་བློ་མི ག་མི་འབོར་རྒྱུ་གཙོ་ལ།
རང་ཉིད་བོད་ཅིག་ཡིན་པའི་བློ་མི ག་དང་།མྱི་ཞིག་ཡིན་པའི་བློ་མིག་ མི་འབོར་རྒྱུའང་དེ་བཞིན་དུ་གཙོ འོ།།
མཐར། <ཕུ་བོས་ནུ་བོར་བཏམས་ཤིང་བསྟན་ པའི་མདོ>ལས། ང་ཡི་ཡིད་སེམས་ཡོམ་ཡོམ་སྒུལ་མྱོ ང་བའི་ཚིག་ཀ་ཞིག་གིས་འཕྲིན་འདི འི་མཇུག་བསྡུ་བར་བྱེད་ལ།
འདི་ཡང"ཕུ་བོས་ནུ་མོར་བཏམས་ཤིང་ བསྟན་པའི་མདོ་རུ།
དཔེ་དང་རྟེན་འབྲེལ་འགྲིག་སོང་སྙ མ་ན་ལྷག་པར་གོ་བ་དང་བརྩེ་བ་ཡོད་ བཞག་ལ།
འདིས་ཁོ་བོའི་དེ་རིང་གི་གནས་སྟ ངས་ལ་བླ་ན་མེད་པའི་སྙིང་ཕུར་ གདབ་སོང་བསམ་ན་དེ་བས་ཀྱང་རིན་ ཐང་ཆེ་སྟེ།
"བྱ་ངན་གཡོ་ཐབས་ཁོ་ན་བྱེད་བཞིན་ གསོན་པོར་སྡོད་པ་ལས།
དྲང་ཞིང་ཚད་མ་འབའ་ཞིག་བྱེད་བཞི ན་ཤི་དགོས་བྱུང་ཡང་ཆོག་པ་ཙམ་གྱི ་ནར་དུ་བསྲན་ཚུགས་པར་བྱ་དགོས་སོ །།"
མཐར། <ཕུ་བོས་ནུ་བོར་བཏམས་ཤིང་བསྟན་
____ ཞེས་སྤྱི་ལོ་2012ལོའི་ཟླ་4པའི ་ཚེས་17ཉིན།
རྒྱ་མིའི་གྲོང་ན"བདེན་ཉེས"ཁུར་ བའི་ཁྱོད་ཀྱི་ཕུ་བོ་སྙུག་ཐོགས་ གང་དེས་ནག་པོ་བཙོན་ནས་སྤྲིངས་སོ །།
2016-06-09 ཉིན་ཐེའུ་རང་གི་སྤྱི་སྟེགས་ Blackhome08 ལས་དྲངས།
No comments:
Post a Comment