Sunday 17 April 2016

༸གོང་ས་མཆོག་ལ་གོ་ལའི་གཏེར་མཛོད་བྱ་དགའ་ཕུལ།


༄༅། །དབྱིན་ཡུལ་གྱི་ཨོག་སི་ཧྥོ་ཌི་(Oxford)གཙུག་ལག་སློབ་གྲྭའི་ཁྱབ་ཁུངས་སི་ཁོལ་ཞེས་པའི་ཐེབས་རྩ་ཚོགས་པས་ཕྱི་ལོ་ ༢༠༡༦ ལོའི་གོ་ལའི་གཏེར་མཛོད་ཅེས་པའི་གཟེངས་རྟགས་དེ་བོད་མིའི་སྐྱབས་མགོན་༸གོང་ས་མཆོག་ལ་ཕུལ་ཡོད་འདུག
ཟླ་འདིའི་ཚེས་ ༡༣ ནས་ ༡༥ བར་གྱི་ཉིན་གསུམ་རིང་། དབྱིན་ཡུལ་གྱི་ཨོག་སི་ཧྥོ་ཌི་གཙུག་ལག་སློབ་གྲྭའི་ཁྱབ་ཁུངས་སི་ཁཱོལ་(Skoll)ཞེས་པའི་ཐེབས་རྩ་ཚོགས་པས་ ༼སྤྱི་ཚོགས་བདེ་དོན༽ཞེས་པའི་བརྗོད་གཞིའི་ཐོག་ཕྱི་ལོ་ ༢༠༡༦ ལོའི་བགྲོ་གླེང་ཆེན་མོ་དེ་ཚོགས་ཡོད་པ་དང་། ཚེས་ ༡༤ ཉིན་འཇིགས་སུ་རུང་བའི་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྐབས། བོད་མི་ཡོངས་ཀྱི་སྐྱབས་མགོན་༧གོང་ས་མཆོག་ལ་ གོ་ལའི་གཏེར་མཛོད།ཅེས་པའི་གཟེངས་བསྟོད་བྱ་དགའ་དེ་གནང་ཡོད་འདུག


མཛད་སྒོའི་སྟེང་ཐེབས་རྩའི་འགན་འཛིན་སྐུ་ཞབས་ཇེལ་སི་ཁོལ་ལགས་ཀྱིས། དེ་རིང་འདིར་སུས་ཀྱང་མཚོན་མི་ཐུབ་པའི་གང་ཟག་ཅིག་ལ་ཕྱི་ལོ་ ༢༠༡༦ ལོའི་གོ་ལའི་གཏེར་མཛོད་ཀྱི་གཟེངས་རྟགས་དེ་འབུལ་རྒྱུའི་ཐག་གཅོད་བྱུང་ཡོད། དེ་འདྲའི་དགེ་སློང་ཁོང་ནི་ནམ་རྒྱུན་ཁོང་རང་ཉིད་ཀྱི་ངོས་ནས་ང་ནང་པའི་དགེ་སློང་ཕལ་བ་ཞིག་ཡིན་གསུང་གི་ཡོད་ཀྱང་། དོན་དངོས་ཐོག་ཁོང་ནི་འཛམ་གླིང་གི་དབུ་ཁྲིད་དང་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན། མི་མང་ས་ཡ་མང་པོས་མིག་དཔེར་ལྟ་སའི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་རེད་ཅེས་དང་། ཁོང་གིས་མུ་མཐུད་དུ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བརྩེ་བ་དང་བྱམས་པ་ནི་འགྲོ་བ་མིའི་རིགས་ལ་ཧ་ཅང་དགོས་ངེས་ཤིག་ཡིན། དེ་ཉིད་མེད་ན་གོ་ལ་འདིའི་སྟེང་འགྲོ་བ་མིའི་རིགས་འཚོ་གནས་ཐུབ་དཀའ་མོ་རེད། ཏཱ་ལའི་བླ་མ་མཆོག་འདིར་དངོས་སུ་ཆིབས་བསྒྱུར་བསྐྱང་མ་ཐུབ་ནའང་། ཁོང་གིས་ང་ཚོར་ངོ་མཚར་སྨད་དུ་བྱུང་བའི་གསུང་འཕྲིན་ཞིག་གནང་སོང་བས། ང་ཚོ་ཚང་མས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཁམས་བཟང་པོ་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། ཅེས་སོགས་བརྗོད་སོང་། 
བོད་ཀྱི་དུས་བབ་ནས་དྲངས

No comments:

Post a Comment