特蕾莎修女所说之[爱的箴言]
དགེ་མ་ཐི་ལིས་ཧྲ་ཡི༼བརྩེ་བའི་ཞལ་གདམས།༽
དགེ་རྒན་དམ་པ་བཛྲ་ཚུལ་ཁྲིམས་ལགས་ཀྱིས་བསྒྱུར།
1. 人们经常是不讲道理的,没有逻辑和以自我为中心的,不管怎样,你要原谅他们!
༡: མི་རྣམས་ནི་རྒྱུན་པར་ཚུལ་ལུགས་ལྟར་མི་འགྲོ་ལ། གཏན་ཚིགས་དང་བྲལ་ཞིང་རང་ཉིད་གཙོ་བོར་འཛིན་པ་ཤ་སྟག་ཡིན། ཇི་ལྟར་ཡིན་ཡང་། ཁྱོད་ཀྱིས་ཁོ་ཚོ་གུ་ཡངས་གཏོང་དགོས།
2. 即使你是友善的,人们可能还会说你自私和动机不良,不管怎样,你还是要友善!
༢: ཁྱོད་ལ་མཛའ་མཐུན་གྱི་བསམ་པ་ལྡན་ཡང་། གཞན་དག་གིས་ནི་ཁྱོད་ལ་སྒེར་སེམས་དང་ཀུན་སློང་མི་ལེགས་ཞེས་སྙོན་སྲིད། གང་ལྟར་ཡིན་ཡང་། ཁྱོད་ཀྱིས་ད་དུང་མཛའ་སེམས་སྐྱོང་དགོས།
3. 当你功成名就,你会有一些虚假的朋友,和一些真实的敌人,不管怎样,你还是要取得成功!
༣: ཁྱོད་ཀྱི་བྱ་གཞག་ལེགས་འགྲུབ་དང་སྙན་གྲགས་ཡར་རྒྱས་བྱུང་དུས། ཁྱོད་ལ་གྲོགས་པོ་ལྷད་མ་དང་དགྲ་བོ་ངོ་མ་ཁ་ཤས་འབྱུང་ངེས། ཇི་ལྟར་ཡིན་ཡང་། ཁྱོད་ཀྱིས་བྱ་གཞག་བསྒྲུབ་དགོས།
4. 即使你是诚实的,人们可能还是会欺骗你,不管怎样,你还是要诚实!
༤: ཁྱོད་ཀྱི་ལྷག་བསམ་གཙང་ཡང་། གཞན་ཚོས་ཁྱོད་ལ་མགོ་སྐོར་གཏོང་སྲིད། འོན་ཀྱང་ཁྱོད་ནི་ད་དུང་ལྷག་བསམ་གཙང་དགོས།
5. 如果你找到了平静和幸福,他们可能会妒忌你,不管怎样,你还是要快乐!
༥: གལ་ཏེ་ཁྱོད་ཀྱིས་ཞི་འཇགས་དང་བདེ་སྐྱིད་རྙེད་ན། ཁོ་ཚོས་ཁྱོད་ལ་ཕྲག་དོག་བྱེད་སྲིད། ཡིན་ཡང་ཁྱོད་ལ་ད་དུང་དགའ་སྤྲོ་ལྡན་དགོས།
6. 你今天做了善事,人们往往明天就会忘记,不管怎样,你还是要做善事!
༦: ཁྱོད་ཀྱིས་དེ་རིང་དོན་བཟང་བསྒྲུབས་ཀྱང་། མི་རྣམས་ཀྱིས་སང་གི་ཚེ་རྗེད་ཟིན་པ་འབའ་ཞིག་ཡིན་སྲིད། ཡིན་ན་ཡང་། ཁྱོད་ཀྱིས་ད་དུང་དོན་བཟང་བསྒྲུབ་དགོས།
7. 将你所拥有最好的东西献给世界,你可能会被踢掉牙齿,不管怎样,总是要将你所拥有最好的东西献给世界!
༧: ཁྱོད་ཀྱིས་རང་ལ་མངའ་བའི་ཆེས་ཕངས་པའི་གཅེས་ནོར་དེ་འཇིག་རྟེན་ལ་ཕུལ་ཡང་། ལན་དུ་རྡོག་གཞུས་ཀྱིས་ཁྱོད་ཀྱི་དུང་སོ་སློག་སྲིད། ཇི་ཞིག་བྱུང་རུང། ནམ་ཡིན་ཡང་ཁྱོད་ཀྱིས་རང་ལ་མངའ་བའི་ཆེས་ཕངས་པའི་གཅེས་ནོར་དེ་འཇིག་རྟེན་ལ་འཕུལ་ཅིག
No comments:
Post a Comment