Thursday 14 May 2015

མུ་འབྲེལ་ལྷུག་བརྗོད་རིང་མོ་ < ང་། > ལས་ཁག་བཅོ་བརྒྱད་པ།



ཁ་ཝུ་བ་དང་ཀླད་པ་ད་ར་བྱས་ནས་ཅིག་བཤད་བཤད་པས་ཕན་དོན་མེད་དེ།
ཁྱོད་ལ་མངོན་ལྐོག་གི་གྱ་གྱུའི་དྲི་ངན་འགོས་ན།
ཁྱོད་ལ་འགན་འཁྲི་མི་དགོས་པའི་སྐྱག་རྫུན་གྱི་གོམས་གཤིས་ཆགས་ན།

ང་རང་དེ་ལ་མི་དགའ་ཞིང་དེ་ལ་སྡང་སྟེ།
སྐད་ཆ་ཆེན་པོ་ཆེན་པོ་དེ་དག་གི་རྒྱབ་ཀྱི་ལག་ལེན་ཏིལ་འབྲུ་འདྲ་བ་དེ།
ཁ་ཚིག་སྙན་མོ་སྙན་མོ་དེ་དག་གི་རྒྱབ་ཀྱི་བྱ་ངན་ལུད་པ་འདྲ་བ་དེ།

ཁྱོད་ཀྱིས་ཁྱོད་རང་ཅིས་ཀྱང་མི་ཡུལ་ནས་གསོན་དུར་མ་བྱེད།
ཁྱོད་ཀྱིས་ཁྱོད་རང་གི་ཡང་མེས་ཀྱི་མགོ་ལ་རྟུག་པ་མ་གཏོང་།
སྡེ་བའི་སྐྱག་རྫུན་དང་ཁོང་གི་སྤྲེལ་ལད་ཀྱིས་ཁྱོད་ལ་མི་འབྱེད་བྱ་འོས།
15.05.2015

No comments:

Post a Comment