Tuesday 30 September 2014

མི་སྲིད་པའི་གཏམ་ཡན།


  1. གསར་འགྱུར་འདིའམ་འགྱུར་འདི་ཡི་དངོས་ཤུགས་གཉིས་ནས་བསྟན་པ་ལྟར་ན་ནི་༧གོང་ས་མཆོག་རྒྱ་ནག་རི་བོའི་རྩེ་ལྔར་ཕེབས་མི་སྲིད་པ་ཞིག་རེད། རྒྱུ་མཚན་ནི། ༧གོང་ས་ཐམས་ཅད་མཁྱེན་པར"ངེས་པར་དུ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ཁས་ལེན་དགོས"ཞེས་པ་དེ་གཅིག་པུས་ཡོད་ཚད་ཐག་ཆད་ཟིན་པའོ།།
  2. ༧གོང་ས་མཆོག་གིས་མི་ལོ་ལྔ་བཅུ་ང་གྲངས་ཙམ་དུ་སྐུ་ངལ་ཚད་མེད་མྱངས་ནས་སྔར་གྱི་ལོ་རྒྱུས་ཁྲོད་བོད་ནི་རང་འགོ་ཡིན་པ་དང་། རྒྱ་ནག་གི་ཆ་ཤས་མིན་པར་གསུངས་དང་གསུང་བཞིན་པ་མཐའ་དག་གློ་རྡེག་ཏུ་ནག་གསུབ་གཏང་མི་སྲིད་པའོ།།
  3. གལ་སྲིད་། ༧གོང་ས་མཆོག་གིས་དེ་ལྟར་ཞལ་བཞེས་གནང་སྲིད་པར་དཔེ་བཞག་ནས་བཤད་ན། གནའ་བོའི་མིའི་རིགས་ཀྱི་ལོ་རྒྱུས་ཡ་མེད་བཏང་བ་རེད་ལ། དྲང་བདེན་དོར་བ་རེད། དེར་མ་ཟད། ༧རྒྱལ་བ་ཐམས་ཅད་མཁྱེན་པ་ཁོང་གིས་སྔར་གྱི་གསུང་དག་ལ་ད་ལྟར་སྐུ་བདག་མ་བཞེས་པ་ལྟ་བུར་སོང་ཙང་། ༧གོང་ས་ཐམས་ཅད་མཁྱེན་པ་མཆོག་རྒྱ་ནག་རི་བོའི་རྩེ་ལྔར་ཆ་རྐྱེན་འདི་འདྲ་ཞིག་གི་འོག་ནས་ཕེབས་རྒྱུ་ནི་ཧ་ཅང་ཧ་ཅང་གི་མི་སྲིད་པ་ཞིག་གོ།
༼ཞར་བཀོད་གསལ་བཤད་ཐུང་ངུ་། སྔར་ཡང་ཕྱི་ལོ་༢༠༠༦ལོའི་དབྱར་ཀ་ཙམ་ཞིག་ཡིན་པར་སྙམ། སྐབས་དེར་༧གོང་ས་མཆོག་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་འཆར་སོགས་ཀྱི་དཀྲོག་གཏམ་གྱིས་བོད་ས་མང་དག་གི་འབངས་རྣམས་ཟང་ཟིང་ལང་ལོང་དུ་བཟོས་པ་སོགས་རྐྱེན་དེ་དང་དེ་འདྲ་བ་དག་ལ་བསམ་ནས་འདིར་གསལ་བཤད་ཉིང་བསྡུས་ཤིག་སྤེལ་བ་དགེའོ།།༽

No comments:

Post a Comment