Thursday 25 September 2014

གང་ལྟར། ནམ་ཡང་འཆི་མི་ཉན།

^_^ སྤྱིར་ན། འདུས་པའི་ཐ་མར་འབྲལ་བ་ཆོས་ཉིད་དུ་སོང་ཡང་། ད་ལྟའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ན་ཚོད་དང་ལྡེམ་མྱུར། ལྷག་པར་བོད་ཁམས་ཡོངས་སུ་སྙན་གྲགས་རྒྱས་ཤིང་། ངེས་པ་དོན་གྱིས་གདོང་མཆོང་དང་མདུན་བསྐྱོད་ཀྱི་འགྱུར་ཁུགས་རྒོད་པའི་༼གཡུ་འབྲུག་ཚན་སྡེབ་༽རང་ལ་མཚོན་ནའང་ཅུང་ཙམ་བློ་འགྱོད་སྐྱེ་བ་ཞིག་ཨེ་ཡིན་གྲང་།།


^_^  གང་ལྟར་ཕྲན་རང་ནི་གཡུ་འབྲུག་ཚན་སྡེབ་ཚང་གི་ཉན་མཁན་རྒན་པ་ཞིག་ཡིན་ཞེས་བཤད་ཀྱང་རྫུན་དུ་མི་འགྲོ་བས། དོ་ནུབ། ཚན་སྡེབ་དེའི་གཞས་པ་གཅིག་༼འཇམ་དཔལ། ཡང་ན་། ཞེད་པོ།༽ཕྱི་ལ་ཐོན་འདུག་པ་འདི་བཀླགས་པས་རང་སེམས་སུ་དྲི་རྟགས་མང་བོའི་ལག་པས་ན་ཟུག་བསླང་ནའང་། ཕྱོགས་གཞན་ཞིག་ནས་བསམ་ན་མི་ནི་མི་རང་རང་གི་ངོ་བོར་ཚུགས་ཐུབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བས་དེའང་དེ་བཞིན་ལགས་ལ་ཁོང་གི་ཐུགས་འདུན་རྒྱས་པའི་སྨོན་ལམ་གཙང་མ་བཏབ།།

^_^   སླད། སྔ་དྲོར་ཕྲན་གྱིས་ཡི་གེར་བཀོད་པའི་ཚིག་དུམ"འཇིག་རྟེན།
                                                     
འཇིག་རྟེན་ནི་འདྲ་བའི་འདྲ་བོ་ཞིག་ཡིན།
འཇིག་རྟེན་ནི་འདྲ་བའི་འདྲ་བོ་ཞིག་མིན།

ཉི་མ་དང་འདྲ་བ་དག་རེ་རེ་བཞིན་ནུབ་པའི་རྗེས་ལ།
སླར་ཡང་། ཉི་མ་ཞིག་འཆར་མི་སྲིད་པའང་མ་ཡིན་ཨང"ཞེས་པ་འདི་ཉིད་གོང་ཞུས་སྐྱོ་ངལ་དེ་གའི་མཇུག་སྡོམ་ལ་བབ་པ་དང་འདྲ་བས་འདི་གར་བསྐྱར་དུ་དྲངས་ཤིང་གཡུ་འབྲུག་ཚན་སྡེབ་ལ་ནམ་ཡང་འཆི་བ་མེད་པའི་ཁ་གཡང་བོས།།
                           2310      23.09.2014

No comments:

Post a Comment