Thursday 21 August 2014

20/08/2014

དེ་རིང་ཞོགས་པར་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚེམ་ཁང་དུ་མི་ལོ་༡༧ལ་ཕྱག་ལས་གནང་བའི་ཨ་ཅག་ཉི་མ་བདེ་སྐྱིད་ལགས་དང་ལོ་ངོ་༨ལྷག་ལ་ཕྱག་ལས་གནང་བའི་ཨ་ཅག་གྲིབ་སངས་རྣམ་གཉིས་ལ་སྐྱེལ་མའི་ཚུལ་དུ་ཚོགས་གཙོ་དང་དྲུང་ཆེ་དབུར་བཞུགས་ཀྱིས་སྟབས་བདེའི་གསོལ་ཇ་བཀྱགས་པ་དང་།

ཕྱི་དྲོའི་ཆུ་ཚོད་༦།༠༠སྟེང་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་བཀོད་སྒྲིག་འོག་ཉེ་ཆར་བོད་མདོ་ཁམས་དཀར་མཛེས་ཁུལ་སེར་ཤུལ་རྫོང་གདན་མ་ཡུལ་ཚོའི་སྡེ་དཔོན་དབང་གྲགས་འཛིན་བཟུང་དང་ཡུལ་མི་འདུ་འཛོམས་སར་དྲག་ཆས་ཉེན་རྟོག་དམག་ཆེད་གཏོང་གིས་མེ་མདའ་དང་དུག་རྫས་རིགས་བེད་སྤྱོད་དང་། རྨས་ཕོག་པའི་བོད་མི་རྣམས་ལ་སྨན་བཅོས་བྱ་རྒྱུར་རང་དབང་སྤྲོད་ཀྱིན་མེད་པ་སོགས་ཀྱི་ཆེད་དུ་མར་མེའི་ཁྲོམ་སྐོར་དང་བསྒྲགས་གཏམ་སྣ་ཚོགས་ཀྱི་སྦྱར་བྱང་དབྱིན་བོད་ཡིག་རིགས་གཉིས་ཐོག་ཏུ་བཀོད་ཡོད་པ་རྣམས་གཤམ་གསལ་ལྟར་རོ།།

གངས་ལྗོངས་ས་མཐོའི་སྟེང་དུ་སླར་ཡང་རིག་གསར་གྱི་རླུང་ཚུབ་ལངས་པ། 
                ཚང་མས་མཁྱེན་གསལ་བཞིན་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཡོངས་སུ་དྲག་པོའི་བཙན་འཛུལ་བྱས་པ་ནས་བོད་ཀྱི་སྣོད་བཅུད་གཉིས་ཀར་ཟད་མི་ཤེས་པའི་བརྡབ་གསིག་བཙན་གནོན་བློ་ཡུལ་དུ་མི་གཤོང་བ་བཏང་དང་གཏོང་བཞིན་པ་ལས།   ཉེ་ལམ་བོད་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཡོད་པ་མ་ཟད།   ས་ཁུལ་ཁག་ཅིག་ལ་རིག་གནས་གསར་བརྗེ་ཆེན་པོའི་གདུག་རྩུབ་ཀྱི་བྱ་སྤྱོད་བསྐྱར་ལོག་བྱས་ནས་གཞིས་བཞུགས་སྤུན་ཟླ་རྣམས་ཚད་ལས་འདས་པའི་དཀའ་སྡུག་མྱངས་དང་མྱོང་བཞིན་པ་ལྟར།    ཟླ་འདིའི་ཚེས་  ༡༡ ཉིན་གྱི་མཚན་མོའི་ཆུ་ཚོད་  ༡༢  ཙམ་ལ་ས་གནས་ཉེན་རྟོག་པས་བོད་མདོ་ཁམས་དཀར་མཛེས་སེར་ཤུལ་རྫོང་གི་གདན་མ་ཡུལ་ཚོའི་སྡེ་དཔོན་དབང་གྲགས་འཛིན་བཟུང་བྱས་རྗེས་ཡུལ་མི་བརྒྱ་ཕྲག་ལྷག་འདུ་འཛོམས་ཀྱིས་གནས་སྲིད་གཞུང་གི་སྒོ་ཁར་སྡེ་དཔོན་དབང་གྲགས་གློད་འགྲོལ་དགོས་པའི་འབོད་སྐུལ་ཞུས་པར།   ས་གནས་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཕར་ཟད་དྲག་ཆས་ཉེན་རྟོགས་དམག་ཆེད་གཏོང་གིས་མི་མང་ཐོག་མེ་མདའ་དང་དུག་རྫས་བེད་སྤྱད་ཏེ་དྲག་གནོན་བྱས་ཤིང་།     ཐེངས་འདིའི་དྲག་གནོན་ནང་སྡེ་དཔོན་དབང་གྲགས་ཀྱི་སྤུན་མཆེད་གཉིས་ཚུད་པའི་བོད་མི་བཅུ་དྲུག་ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་།       དེ་ལས་བློ་དཔལ་བཟངཞུ་བ་ཞིག་གིས་བཀག་ཉར་ཁང་ནས་རྒྱ་ནག་གཞུང་གི་བྱེད་སྤྱོད་ལ་ངོ་རྒོལ་ཆེད་རང་སྲོག་བཅད་ཡོད་ལ།     རྨས་སྐྱོན་ཕོག་པའི་ལོ་ན་  22  ཅན་གྱི་ན་གཞོན་ཞིག་དུས་ཐོག་སྨན་བཅོས་མ་ཐོབ་པའི་དབང་གིས་འདས་གྲོངས་སུ་སོང་ཡོད་ཅིང་།      མེ་མདེལ་ཕོག་པའི་བུ་ཀུན་དགའ་ཤེས་རབ་སོགས་རྨས་མ་རྣམས་ལ་དུས་ཐོག་སྨན་བཅོས་མ་བྱས་པའི་སྟབས་ཀྱིས་ད་ལྟའི་ཆར་རྨས་མ་མང་པོ་ཞིག་འཆི་གསོན་ཇི་བྱུང་དང་།     ས་གནས་ཀྱི་གནས་སྟངས་ཞིབ་ཕྲ་ཇི་ལྟར་ཡིན་མིན་ཆ་མ་འཚལ་བར་གྱུར་ཡོད་ལ།     གཞན་ཡང་སྡེ་དཔོན་དབང་གྲགས་ཀྱི་ཨ་ཞང་ཚེ་དབང་མགོན་པོ་དང་།  སྤུན་མཆེད་ཡེ་ཤེས།   དབང་གྲགས་ཚང་གི་མག་པ་སྦྱིན་པ་བཅས་རྨས་སྐྱོན་ཕོག་པ་རྫོང་བཀག་ཉར་ཁང་ནས་རྡུང་རྡེག་ཚོད་མེད་བཏང་ཏེ་དམར་གསོད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་ལ།  
         ད་ཐེངས་ཀྱི་དོན་རྐྱེན་ནང་ས་གནས་རྒྱ་གཞུང་གིས་སྡེ་པའི་ནང་གི་སྐྱེས་པ་ཚང་མ་འཇུ་བཟུང་བྱས་ཏེ་ལོ་ཕྱུག་བཙོན་ཁང་དུ་བཅུག་པ་དང་།    དེར་མ་ཤོང་བར་ས་གནས་སྨན་ཁང་ནང་བཀག་ཉར་བྱས་ཡོད་འདུག་ལ།      ཤུག་པ་སྡེ་པར་མི་གྲངས་བདུན་བརྒྱ་ཙམ་ཡོད་ཀྱང་ད་ལྟའི་ཆར་སྡེ་པའི་ནང་རྒན་འཁོགས་དང་།   བྱིས་པ་བུད་མེད་མ་གཏོགས་ལས་ལྷག་མེད་པའི་གནས་སྟངས་ལ་གྱར་འདུག་པ་མ་ཟད།     འཛིན་བཟུང་བཀག་ཉར་བྱས་པ་རྣམས་ལ་བཙན་ཤེད་ཀྱིས་སྐྲ་བྲེགས་ཏུ་བཅུག་ནས་མགོ་རིལ་བཟོས་པའི་བྱ་སྤྱོད་ཀྱང་སྤེལ་ཡོད་ཅིང་།    འཇུ་བཟུང་བྱས་པའི་ཁྲོད་ཕྱི་ཕྱོགས་སུ་མི་  25  ཡི་མིང་ཐོ་ལག་སོན་བྱུང་བ་རྣམས་ནི་སྡེ་དཔོན་གཞོན་པ་དབང་ཆེན་ལགས་དང་།    ཤུག་པ་མེ་རུ་དགོན་པའི་སྒྲུབ་དཔོན་ཀརྨ་རིན་ཆེན།   རང་ཤི་རྒྱབ་པའི་བློ་དཔལ་བཟང།    པདྨ་རྒྱལ་ལོ།    ཡོན་ཏན་སྐྱབས།    བཀྲ་དགའ།    ཀུན་དགའ་བསྟན་འཛིན།    ཟླ་བ་བཀྲིས།    ཀརྨ་བཀྲིས།   བཀྲིས་མགོན་པོ།   ཀུན་དགའ་ཤེས་རབ།    ཡེ་ཤེས།   འཇའམ་དབྱངས་བསོད་ནམས།    བཀྲིས།   ཚེ་རིང།    རྒྱ་ལུག    ཐུབ་བསྟན་ཆོས་འཕེལ།    བླ་སྐྱབས།    བུ་མོ།    མཚོ་རྒྱ།    སྦུ་རྒྱལ།    དབྱངས་ཅན་ལྷ་མོ།    ཚེ་སྐྱབས་དབང་མོ།     ཡེ་ཤེས་སྒྲོན་མ།     དབྱངས་ཅན་པདྨོ་བཅས་ཡིན་པ་དང་།   དྲག་གནོན་ཁྲོད་ཁོང་ཚོར་རྨས་སྐྱོན་ཕོག་སྟེ་སྐྱེ་རྒུ་སོགས་སུ་སྨན་བཅོས་བྱེད་དུ་ཕྱིན་ཡོད་ཀྱང་རྒྱ་གཞུང་གིས་མུ་མཐུད་སྨན་བཅོས་བྱེད་དུ་མ་བཅུག་པར་བཀག་ཉར་ཁང་དུ་བཙན་འཁྲིད་བྱས་ཡོད་ལ།   ཕྱི་ཕྱོགས་ལ་འབྲེལ་གཏུགས་བྱེད་རྒྱུར་བཀག་སྡོམ་གྱིས་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པའི་འོག་ལྷག་ཡོད།
                  དེར་བརྟེན་ཐེངས་འདིའི་རྒྱ་ནག་གུང་ཁྲན་ཏང་གི་སྡུག་གཙུབ་ཅན་གྱི་བྱ་སྤྱོད་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཁག་དང་།      དྲང་བདེན་དང་ཞི་བདེར་དད་པའི་འཛམ་གླིང་མི་མང་རྣམས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་ལས་མྱུར་དུ་གྲོལ་ཐུབ་པའི་རྒྱབ་སྐྱོར་གྱིས་རྒྱ་ནག་གུང་ཁྲན་ཏང་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་དང་།     ལྷག་པར་རྒྱ་ནག་གུང་ཁྲན་ཏང་གི་དཔོན་རིགས་ཚོས་བོད་ཚུད་པའི་གྲངས་ཉུང་མི་རིགས་སྟེང་བཟུང་བའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེ་དག་ཕྲལ་དུ་མཚམས་འཇོགས་དགོས་པ་དང་།    སེར་ཤུལ་རྫོང་འདན་མ་ཡུལ་ཚོའི་སྡེ་དཔོན་དབང་གྲགས་ཀྱིས་གཙོས་ཉེས་མེད་འཛིན་བཟུང་བྱས་པའི་ཡུལ་མི་རྣམས་ཕྲལ་དུ་གློད་འགྲོལ་དགོས་པ་དང་།      རྨས་སྐྱོན་ཕོག་པའི་རྨས་མ་རྣམས་མྱུར་དུ་སྨན་བཅོས་མཐུན་རྐྱེན་ཆ་ཚང་བསྐྲུན་དགོས་ཞེས་འབོད་སྐུལ་གྱི་བསྒྲགས་གཏམ་འདི་སྤེལ་གྱི་ཡོད།


བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས།
སྤྱི་ལོ་  ༢༠༡༤  ལོའི་ཟླ་བ་  ༨  ཚེས་  ༢༠  ཉིན།

Press Release
Since the unfortunate invasion of the Chinese Red Army on the land of Tibet, the Chinese authorities have continuously caused devastation on its people and the environment. The current situation in Tibet is worsening day by day, especially in some areas where struggle session has been implemented which is resulting in tremendous torture and suffering to the Tibetans inside Tibet.
On 12th August, when local people of Denma Village in Kardze Tibetan Autonomous Prefecture heard that their respected local leader Wangdak had been detained from his home in the middle of the night, they gathered to protest his detention and call for his release. Paramilitary police were deployed who used teargas and opened fire to disperse the crowd causing serious injury of about seventeen unarmed Tibetan protestors. Two protesters had previously died at the detention center on Sunday, Lo Palsang committing suicide in protest against unfair persecution of Chinese authorities and a 22 year old dying of untreated gun wounds. Sources are confirming the death of three detainees namely; Tsewang Gonpo, Wangdak's (village head) uncle 60, brother Yeshi, 42 and bridegroom Jinpa Tharchin; 18. The date of their death is unknown but their bodies have been returned their families on 18 August, 2014.
The gunshot wounds of several detainees, including the son of Wangdak, have been left unattended till date after the shooting, raising concerns about their medical condition while under custody. The Loshung Detention centre has been jam-packed with protestors and several of the detainees has been transferred to the local hospital. Shupa Village has about 700 people, but at the moment the village has the only presence old, women and the children.
Names of 25 Tibetans detained since 12 August including vice head of Shupa village Wangchen has reached us through sources. They are as follows; Lophel Sang (who committed suicide), Pema Gyalpo, Yonten Kyab, Taga, Kunga Tenzin, Dawa Tashi, Karma Tashi, Tashi Gonpo, Kunga Sherab, Yeshi, Jamyang Sonam, Tashi, Tsering, Galuk, Thupten Cheophel, Lakyab, Bhumo, Tsogyal, Bugyal, Yangchen Lhamo(female), Tsekyab Wangmo(female),Yeshi Dolma(female), Yangchen Phamo(female), Karma Rinchen. Names of other innocent detainees are not confirmed due to blackout on communication since the incident has taken place.

We request the United Nation, especially UN Human Right Council and the truth and peace-loving citizens of the world to urgently cooperate in pressurizing the Chinese Communist Government to stop every form of discrimination against Tibetans and other ethnic minority; immediately cease the crackdown in Denma Village of Sershul County; demand an unconditional release of the nonviolent protestors including their leader Wangdak and to ensure the injured victims an instant medical treatment.

Bodhgyalo!
Gu-Chu-Sum Movement Association of Tibet
On 20th August, 2014

No comments:

Post a Comment