Sunday 29 July 2018

མཐུན་སྒྲིལ།


མཐུན་སྒྲིལ།

  • ཚིག  ཐོར་རྒོད་པ་སྤྱན་ཆབ། 
  • དབྱངས། འཇམ་དབྱངས་བཀྲ་ཤིས།
  • གཞས་པ། ཆོས་གྲགས། རྣམ་མཁྱེན། རྒྱ་མཚོ།

ང་ནི་དབུས་པ་མ་གསུང་།།
དབུས་པ་དབུས་པ་མ་གསུང།།
ཡི་གེའི་སྦྱོར་བ་གཅིག་པའི།།
ང་ཚོ་བོད་པ་གཅིག་ཡིན།།
མཐུན་སྒྲིལ་རིན་ཆེན་ཤུགས་ཡིན།།

ང་ནི་ཁམས་པ་མ་གསུང་།།
ཁམས་པ་ཁམས་པ་མ་གསུང་།།
ཡུལ་གོམས་གཤིས་ལུགས་གཅིག་པའི།།
ང་ཚོ་བོད་པ་གཅིག་ཡིན།།
མཐུན་སྒྲིལ་རིན་ཆེན་གསེར་ཡིན།།

ང་ནི་ཨ་མདོ་མ་གསུང་།།
ཨ་མདོ་ཨ་མདོ་མ་གསུང་།།
ཤ་ཁྲག་རུས་རྒྱུད་གཅིག་པའི།།
ང་ཚོ་བོད་པ་གཅིག་ཡིན།།
མཐུན་སྒྲིལ་རིན་ཆེན་སྟོབས་ཡིན།།

ང་ནི་ཆོས་པ་མ་གསུང་།།
ཆོས་བརྒྱུད་ཆོས་བརྒྱུད་མ་གསུང་།།
བསྟན་པ་གཅིག་ལ་དད་པའི།།
སྟོན་པའི་བུ་སློབ་གཅིག་ཡིན།།
མཐུན་སྒྲིལ་དམ་ཚིག་གཞི་ཡིན།།                
30/07/2013

No comments:

Post a Comment