Thursday 13 April 2017

བདེ་སྐྱིད།


 
སྒྱོ་བའི་སྒྱོ་ཚུགས་མ་བྱས་ཤིང་།།
ཁུག་མའི་རང་ཚུགས་མ་བཟུང་པར།།
སྐྱིད་སྡུག་དཀྱིལ་ལ་བཞག་འདི་བདེ།།
དགའ་སྤྲོ་སྤང་ལ་བརྡལ་འདི་སྐྱིད།།
ངས་ནི་བདེ་བ་འདི་ལ་བསམ།།
ཆེ་མཐོས་གོང་ནས་མ་བཀོལ་བར།།
ཆུང་བས་ཞོལ་ནས་མ་མྱངས་པར།།
དགོད་སྒྲ་རི་ལས་མཐོ་བ་འདི།།
ནང་སེམས་སྐྱིད་པའི་སྐྱིད་རྟགས་ཉིད།།
ངས་ནི་སྤྲོ་བ་འདི་ལ་ཟེར།།




སྒམ་ཚུགས་བྲལ་བ་མཁས་པ་དང་།།
ཆེ་ཉམས་དོར་བ་ཞི་དུལ་དང་།།
བྱམས་བཀུར་མངོན་ལྐོག་བྲལ་བའི་ཚོགས།།
ང་ཚོར་སྐྱིད་ཀྱི་ཉི་མ་ཡོད།།
ང་ཚོར་མཐུན་པའི་ལག་རྡང་ཡོད།།










ཕྱི་ཟླ་ ༤ ཚེས་ ༨ ཉིན་སྤྲོ་བ་དང་བཅས་ནོར་བུ་གླིང་གའི་ཉེ་འཁྲིས་སུ་དྲན་ཐོར་བཞག

No comments:

Post a Comment