ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་ གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ ནུས་པ་ཡོད།༼༡༽
我认为藏地的水与佛法皆有救中国的作用(1)
我认为藏地的水与佛法皆有救中国的作用(1)
བཛྲ་ཚུལ་ཁྲིམས་རྒྱ་མཚོ།
班字尔慈智加措
དང་བོ། བོད་ཀྱི་ཆུས་ཀྲུང་གོ་བ་སྐྱོབ་ནུ ས་ཚུལ་ཅུང་ཙམ་གླེང་བ།
一,略谈西藏之水能救中国人之理
སྐྱབས་དང་སྐྱོབ་པ་ཞེས་པའི་ཐ་སྙ ད་འདི་ལ་དེང་དུས་ཀྱི་ན་གཞོན་མང་ བོ་ཞིག་དེ་ཙམ་མི་དགའ་བར་སྣང་སྟེ ། མི་ཡི་ནུས་པ་གནམ་ལས་རྒྱལ་བར་ངེ ས་པས། ང་ཚོས་རང་བྱུང་ལ་བཅོས་བསྒྱུར་བྱ ེད་དགོས་ཤིང་།
རང་བྱུང་འདུལ་སྦྱོང་བྱེད་དགོས་ ཞེས་པ་ལྟ་བུའི་སྒྲུབ་བྱེད་ལྟར་ སྣང་རེ་ལ་བརྟེན་ནས།
མི་དང་རང་བྱུང་སོགས་སུ་དང་གང་ ལའང་བརྟེན་མི་དགོས་པར་རང་ཉིད་ གཅིག་བུའི་ནུས་པ་ལ་བརྟེན་ནས་ཡོ ད་ཚད་ལས་རྒྱལ་ནུས་ཚུལ་སོགས་སྟོ ང་སྣང་འབའ་ཞིག་བཙན་གྱིས་སྒྲུབ་ པར་འདོད་ཅིང་།
འདུས་བྱས་རྟེན་འབྱུང་གི་ཆོས་ཉི ད་ལ་བསྙོན་ཅི་ནུས་བྱེད་དོ།།
རེ་ཞིག་གཞན་ཐམས་ཅད་གླེང་རྒྱུ་ བཞག་ནས་ཆུ་ལ་མ་བརྟེན་པར་སྡོད་ལུ གས་མེད་ཚུལ་བཤད་ན།
སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང་། དེ་ལ་བརྟེན་པའི་བཅུད་ཀྱི་སེམས་ ཅན་མ་ལུས་པ།
ཆུ་ཞེས་པའི་འཇིག་རྟེན་འདིར་ཆེས་ རྨང་གཞིར་གྱུར་བའི་དངོས་པོའམ་རྫ ས་ཤིག་ཡོད་པ་དེའི་མཐུ་ལ་ངེས་པར་ བརྟེན་དགོས་ཤིང་།
ཆུའམ་ཆུའི་རྫས་ཡོད་པས་སྐྱེ་དངོ ས་དང་སྲོག་ཆགས་མ་ལུས་པའི་་སྲོག་ གནས་པ་དང་འཕེལ་བ་དང་རྒྱས་པར་གྱུ ར་བ་ཡིན་ནོ།།
རྟེན་འབྱུང་གི་ཆོས་ཉིད་ཁས་མི་ལེ ན་པ་ཁོ་རང་ཡང་། གལ་ཏེ་མི་ཞིག་ཡིན་པ་ཁས་ལེན་རྒྱུ ་ཡིན་ན།
ཆུ་ལ་མ་བརྟེན་ཐབས་མེད་ཡིན་ཏེ། དེང་རབས་རིག་གནས་ཀྱི་བཤད་ཚུལ་ལྟ ར་ན་ཁམས་སྙོམས་པའི་མི་ཞིག་གི་ལུ ས་ལ་ཆ་བཞག་ན།
ཕལ་ཆེར་དེའི་ལྗིད་ཚད་ཀྱི་བརྒྱ་ ཆའི་དྲུག་ཅུ་རེ་བརྒྱད་ཙམ་དེའི་ ལུས་ལ་གནས་པའི་ཆུའི་ལྗིད་ཚད་ཀྱི ས་ཟིན་པར་བཤད་པས་སོ།།
༢༠༡༦ལོའི་ཟླ་༤ཚེས་༢༦ཉིན།
རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ ནས།
我认为藏地的水与佛法皆有救中国的作用(2)
འོན་ཀྱང་རྟེན་འབྱུང་མ་ཡིན་པའི་ ཆོས་ཤིག་གཏན་ནས་མི་རྙེད་ཅིང་མི འི་རིགས་འདི་ཡང་རང་བྱུང་ལ་མ་བརྟ ེན་པར་འཚོ་ཚུལ་ཞིག་ཀྱང་གཏན་མི་ སྲིད་དེ།
དེ་ཡང་ཞིབ་ཏུ་བཤད་ན། དེ་ལས་ཀླད་ཞོ་ལས་75་%ཙམ་ཆུ་ཡིན་ ལ།
ཁྲག་གཤེར་ལས་83%ཙམ་ཆུ་དང་། ཤ་གནད་ལས་76%ཙམ་ཆུ་དང་། ཐ་ན་སྲ་ཞིང་མཁྲེགས་པའི་རུས་ཀྲང་ ལས་ཀྱང་22%ཙམ་ཆུས་ཟིན་པར་བཤད་ འདུག་པས། ཆུ་མེད་ན་བཟའ་བཅའི་ནང་གི་བཅུད་ ཚུར་ལེན་མི་ནུས་ཤིང་།
བྱང་ཁོག་ལ་གནས་པའི་སྙིགས་མ་ཕྱི ར་འབྱིན་མི་ནུས་པས་ན་སྨན་སོགས་ ཀྱང་ཐོན་དགོས་སའི་ལུས་ཀྱི་ཆ་དེ ར་ཐོན་མི་ནུས་པར་བཤད་དོ།
།དེས་ན་ལུས་ལ་ཡོད་པའི་ཆུའམ་་ཆུ འི་རྫས་ལས་1%——2%ཙམ་ཇེ་ཉུང་དུ་ སོང་ན་སྐོམ་པའི་ཚོར་བ་སྐྱེ་ལ།
བརྒྱ་ཆའི་ལྔ་ཙམ་ཇེ་ཉུང་དུ་སོང་ ན་ཁ་ལྕེ་སྐམ་ཞིང་སྐྱི་པགས་ལ་གཉེ ར་མ་ཆགས་པར་མ་ཟད།
དྲན་རིག་མི་གསལ་ཞིང་འཁྲུལ་སྣང་ ཡང་འབྱུང་བར་བཤད།
དེས་ན་ཟས་མ་རྙེད་ཀྱང་དུས་ཡུན་ཅུ ང་རིང་ཙམ་འཚོ་ཐུབ་༼ལ་ལས་ཟླ་གཉི ས་ཙམ་འཚོ་ཐུབ་པར་བཤད་པའང་ཡོད།༽ མོད།
འོན་ཀྱང་ཆུ་ཙམ་ཡང་ཁར་མ་རེག་ན་ནི ། ཆེས་རིང་མཐའ་ཉིན་བདུན་ཙམ་ལས་འཚོ ་མི་ཐུབ་པར་བཤད་དོ།།
༢༠༡༦ལོའི་ཟླ་༤ཚེས་༢༦ཉིན།
རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ ནས།
ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་ གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ ནུས་པ་ཡོད།༼༣༽
我认为藏地的水与佛法皆有救中国的作用(3)
དེ་ལྟར་ཆུ་ནི་མི་སྒེར་རམ་ཚོགས་ པའམ་རང་བྱུང་ཁམས་གང་གི་ཆ་ནས་བལྟ ས་ཀྱང་།
ཅི་དང་གང་གིས་ཀྱང་ཚབ་བྱེད་མི་ཐུ བ་པའི་ཚེ་སྲོག་དང་འཚོ་གནས་ཀྱི་ ཐོན་ཁུངས་ཆེས་གལ་ཆེ་བ་ཞིག་རེད།
ཡིན་ན་ཡང་ཀུན་གྱིས་ཤེས་གསལ་ལྟར། ཀྲུང་གོ་ནི་ཆུ་དཀོན་པའི་རྒྱལ་ ཁབ་ཅིག་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་ གླིང་ན་ཆུ་ཆེས་དཀོན་པའི་རྒྱལ་ ཁབ་བཅུ་གསུམ་ཡོད་པའི་གྲས་སུ་ བཞག་ཡོད།
དེ་ཡང་གསལ་བར་བཤད་ན། ཆུ་དཀོན་ཚབས་ཆེ་བའི་ས་ཁུལ་ནི་ཀྲ ུང་གོའི་བྱང་བརྒྱུད་ཡིན་ནོ།།ཀྲུ ང་གོའི་བྱང་བརྒྱུད་ལ་མཚོན་ན།
ཆུ་དཀོན་པའི་གནད་དོན་འདི་གཏན་ ནས་སྣང་མེད་དུ་འཇོག་མི་རུང་བའི་ གནས་སུ་སླེབས་འདུག་སྟེ།
འདིས་སྐྱེ་ཁམས་ཁོར་ཡུག་ཇེ་ངན་དུ ་གཏོང་བ་ལ་ཤུགས་རྐྱེན་ཚབས་ཆེན་ ཐེབས་འདུག་པས་སོ།།བྱང་ཕྱོགས་སུ་ བྱེ་མའི་རླུང་འཚུབ་ཇེ་ཐུ་ཇེ་ཐུ ར་འགྲོ་བཞིན་པ་དང་།
རྩྭ་ཐང་བྱེ་མར་འགྱུར་བཞིན་པའི་ མྱུར་ཚད་ཀྱང་ཧ་ལས་འགྲོ་བ་ཞིག་ཡི ན་ནོ།།དེའི་ཕྱིར་དཔྱོད་ལྡན་མང་ བོ་ཞིག་གིས།
དེར་གནས་ཀྱི་བུ་རབས་ཚ་བརྒྱུད་རྣ མས། མ་འོངས་པར་ཇི་ལྟར་འཚོ་གནས་བྱེད་ པའི་གནད་དོན་ལ་འཇིགས་བསྐུལ་ཐེ བས་པའི་གནས་ཚུལ་ཚོར་ནས་ཡོད་དོ།། བྱང་བརྒྱུད་ཀྱི་ཆུ་དཀོན་པའི་ཉེ ན་ཁ་འདི་སེལ་བའི་ཆེད་དུ།
དམངས་ཁྲོད་ཆུ་བེད་ཆེད་ལས་པ་གོའུ ་ཁེ་ཟེར་བ་ཞིག་གིས།
ལྷོ་ཆུ་བྱང་འདྲེན་ནུབ་ལམ་ཆེན་མོ ་ཞེས་པའི་ཆུ་འདྲེན་པའི་ཐབས་ཇུས་ ཤིག་བཏོན་ཅིང་།
ཁོས་བཤད་པའི་ལྷོ་ཆུ་བྱང་འདྲེན་ ནུབ་ལམ་ཆེན་མོ་ཞེས་པ་ནི།
དོན་དངོས་སུ་བོད་ལྗོངས་ཀྱི་ཆུ་ ཀླུང་ཆེན་པོ་རྣམས།
ཆུ་ཧ་ཅང་དཀོན་པའི་ཀྲུང་གོའི་བྱ ང་བརྒྱུད་དུ་འདྲེན་རྒྱུ་ལ་ཟེར་ བ་ཡིན་ནོ།།ཐབས་ཇུས་དེ་ལ་ལྟ་ཚུལ་ མི་མཐུན་པ་མང་ཞིང་།
དེ་ལ་ངོ་རྒོལ་བྱེད་མཁན་དག་གི་ འདོད་ཚུལ་གཙོ་བོ་ནི།
བོད་ལྗོངས་ན་དེ་འདྲའི་ཆུ་མང་བོ་ ཞིག་འདྲེན་རྒྱུ་མེདཔར་མ་ཟད།
ལས་ཚེག་ནི་བསམ་ཡུལ་ལས་འདས་པ་ཞི ག་མཆིས་པས་ཐབས་ཇུས་འདི་ལ་མོས་ མཐུན་བྱེད་ཐབས་བྲལ་ཅེས་ཟེར་རོ།།
༢༠༡༦ལོའི་ཟླ་༤ཚེས་༢༦ཉིན།
རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ ནས།
ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་ གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ ནུས་པ་ཡོད།༼༤༽
我认为藏地的水与佛法皆有救中国的作用(4)
འོན་ཀྱང་ཕྱོགས་འདི་ལ་ཞིབ་འཇུག་ ཞིབ་མོ་བྱེད་མྱོང་བའི་སྐུ་ཞབས་ ལིས་ལིན(李伶)ཟེར་བས་ཐབས་ཇུས་དེ་ ལེགས་པར་འདོད་པར་མ་ཟད།
དེའི་རྒྱུ་མཚན་ཡང་གསུམ་བཏོན་འདུ ག རྒྱུ་མཚན་དང་བོའི་སྐབས་སུ།
བོད་ཡུལ་ན་ཆུ་མང་སྟེ། ཕལ་ཆེར་རྨ་ཆུའི་ཆུ་ཚད་འདྲ་བ་ལྡ བ་བཅུ་གཉིས་ཙམ་ཡོད་མོད།
འོན་ཀྱང་ཡིད་ཕོངས་པ་ནི་བེད་སྤྱ ད་པའི་ཚད་ནི་བརྒྱ་ཆའི་གཅིག་ཙམ་ ལས་ཟིན་མེད་ཅིང་།
དེ་ལས་ལྷག་མ་ཡོངས་རྫོགས་ཕྱི་རྒྱ ལ་ལ་བཞུར་འགྲོ་བཞིན་ཡོད་པས།
དམའ་ས་ན་གནས་པའི་རང་རྒྱལ་བ་མང་ བོ་ཞིག་གིས་ཆུ་མེད་པའི་སྡུག་བསྔ ལ་མྱོང་བཞིན་འདུག་པས་འཕྲོ་བརླག་ ཆེན་པོར་སོང་།
གལ་ཏེ་དེ་ལས་གསུམ་ཆའི་གཅིག་ཙམ་ བྱང་བརྒྱུད་དུ་འདྲེན་ཐུབ་ན་།
ཀྲུང་གོའི་བྱང་བརྒྱུད་ལ་རྨ་ཆུའི ་ཆུ་ཚད་འདྲ་བ་ལྡབ་བཞི་ལས་ཇེ་མང་ དུ་འགྲོ་བས།
ཀྲུང་གོའི་ནུབ་བྱང་བརྒྱུད་ཡོངས་ དང་ཧྭ་བྱང་དང་བྱང་ཤར་གྱི་ནུབ་ཁུ ལ་དུ་གཏོགས་པའི་ས་གནས་རྣམས་ལ་ཆུ ་་མེད་པའི་གནད་དོན་དེ་ཐག་གཅོད་ བྱེད་ཐུབ་འགྲོ་ཞེས་བཤད་ཡོད།
རྒྱུ་མཚན་གཉིས་པའི་སྐབས་སུ། བོད་ལྗོངས་ཀྱི་ཆུ་འབབ་ས་མཐོ་བས། མཐོ་ས་ནས་མར་བཞུར་བའི་ཆུས་གློག་ གཏོང་ཆོག་ལ། ཆུ་འདྲེན་ཡང་སླའོ་ཞེས་བཤད་ཡོད།
རྒྱུ་མཚན་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱི་བཟང་ངོ་ཞེས་བཤད་ ཡོད།
དེ་ཡང་བོད་ཀྱི་ཡུལ་ནི་ས་མགོ་མཐོ ་བས་འཛམ་གླིང་གི་རྒྱ་ཕིབ་ཏུ་གྲ གས་པ་ལྟར་ཡིན་པ་དང་།
མིའི་འགུལ་བསྐྱོད་ཉུང་ལ་འབགས་ བཙོག་མེད་དོ།།སྨུག་ཕྱིའི་འོད་ཐི ག་གི་འོད་འཕྲོ་བའི་ཤུགས་བཙན་པས་ འབུ་ཕྲ་དང་དུག་གི་ནུས་པ་ཡོངས་སུ ་བཅོམ་ཡོད་པ་དང་།
ལྷག་པར་དུ་གངས་ཆུ་ཡིན་པས་ནུས་པ་ ཆེ་ལ་འཇུ་སྟོབས་ཆེའོ།།དེས་ན་ཆུ་ བཟང་བོས་སྲོག་སྐྱོབ་ནུས་ལ།
ཆུ་བཟང་བོས་ཀྲུང་གོ་བ་སྐྱོབ་ནུ ས་སོ་ཞེས་བཤད་དོ།།
གལ་ཏེ་བོད་ཀྱི་ཆུས་ཀྲུང་གོ་བ་སྐ ྱོབ་ཐུབ་ཅེས་པའི་བཤད་འདི་བདེན་ པར་གྲུབ་ན།
བོད་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ ལ་བསྲུང་སྐྱོབ་བྱེད་རྒྱུ་ནི་བོ ད་པ་ཁོ་ནའི་འགན་འཁྲི་ཞིག་མན་གྱི །
ཀྲུང་གོའི་མི་ཡོངས་ལ་རག་ལས་པའི་ འགན་འཁྲི་ཞིག་ཡིན་ནོ།།
རྒྱུ་མཚན་གཉིས་པའི་སྐབས་སུ། བོད་ལྗོངས་ཀྱི་ཆུ་འབབ་ས་མཐོ་བས། མཐོ་ས་ནས་མར་བཞུར་བའི་ཆུས་གློག་
རྒྱུ་མཚན་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱི་བཟང་ངོ་ཞེས་བཤད་
གལ་ཏེ་བོད་ཀྱི་ཆུས་ཀྲུང་གོ་བ་སྐ
༢༠༡༦ལོའི་ཟླ་༤ཚེས་༢༦ཉིན།
རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ ནས།
ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་ གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ ནུས་པ་ཡོད།༼༥༽
我认为藏地的水与佛法皆有救中国的作用(5)
གཉིས་པ། བོད་ཀྱི་དམ་ཆོས་ཀྱིས་ཀྲུང་གོ་བ་ སྐྱོབ་ནུས་ཚུལ་ཅུང་ཙམ་གླེང་བ།
二、略谈西藏之佛法能救中国人之理
ཀྲུང་གོ་བ་སྐྱོབ་དགོས་པའི་གནས་ སུ་སླེབས་ཟིན་པ་ཡིན་ནམ་ཞེ་ན།
ང་ཚོས་བློ་གཟུ་བོར་གནས་པའི་སྒོ་ ནས་ད་ལྟའི་གནས་བབ་ལ་དབྱེ་ཞིབ་ཅི ག་བྱེད་ཐུབ་ན།
ལན་ཞིག་རང་བཞིན་གྱིས་རྙེད་འོང་ ངོ།།འཚོ་བ་ཇེ་ལེགས་སུ་སོང་ཡང་།
ཀུན་སྤྱོད་ཉམ་ཆག་ཏུ་གྱུར་ཅེས་པ་ ནི། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་འདིའི་ རིང་གི་ཀྲུང་གོ་བ་ཡོངས་ཀྱི་ཐུན་ མོང་གི་ཚོར་སྣང་ཡིན་པ་མངོན་སུམ་ ཡིན།
འོ་ན་མི་རྣམས་ཀྱི་འཚོ་བ་ཇེ་ལེ གས་སུ་སོང་བ་དང་བསྟུན་ནས་ཁྱིམ་ ཚང་ལ་བདེ་སྐྱིད་དང་སྤྱི་ཚོགས་ལ་ བདེ་འཇགས་ཐོབ་མི་ཐུབ་པའི་རྒྱུ་ མཚན་ཅི་ཡིན་ཞེ་ན།
དུག་འཚོང་དང་། ནག་འཚོང་། གཞང་འཚོང་། འཆལ་སྤྱོད་ལ་སོགས་པ་གད་སྙིགས་ཀྱ ི་རིགས་ཇེ་མང་དང་ཇེ་རྒྱས་སུ་འགྲ ོ་བཞིན་ཡོད་པ་དང་།
ལྐོག་རྔན་ཟ་བ་དང་རུལ་བསུངས་སུ་ གྱུར་བའི་སྣང་ཚུལ་སོགས་ཀུན་སྤྱོ ད་ཡོངས་སུ་ཉམས་པའི་མཇུག་འབྲས་ཡི ན་ནོ།།
༢༠༡༦ལོའི་ཟླ་༤ཚེས་༢༦ཉིན།
རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ ནས།
ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་ གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ ནུས་པ་ཡོད།༼༦༽
我认为藏地的水与佛法皆有救中国的作用(6)
འདི་ནི་ངས་ཁུངས་མེད་པར་གང་འདོད་ དུ་བཤད་པ་མིན་ཏེ།
ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ ཆེན་མོའི་ཉེས་བསགས་རིག་པའི་དགེ་ རྒན་ཆེན་མོ་ཝེ་ཕེན་ཞོན་གྱིས།
ང་ཚོས་མིག་གིས་དངོས་སུ་མཐོང་བཞི ན་པ་ནི་རྒྱལ་ཁབ་བཙུགས་ཚུན་ཆད་དུ ་ཉེས་པ་བསགས་པའི་ཚད་ཆེས་མཐོན་པོ ར་འཕར་ཐེངས་ལྔ་བ་ཡིན་།
ཚད་མཐོར་འཕར་ཐེངས་འདི་༡༩༨༩ལོར་ བྱུང་བ་ནས་བཟུང་ད་བར་དུ་ཇེ་དམའ་ རུ་འགྲོ་མ་མྱོང་ལ།
དེ་བས་ཀྱང་ཡ་ང་བ་ནི་ལོ་རེ་བཞིན་ ཇེ་ཐུ་ཇེ་ཐུར་འགྲོ་བཞིན་ཡོད།
ཉེ་བའི་ལོ་འགའི་རིང་ལོ་རེ་བཞིན་ གྱོད་གཞི་ས་ཡ་གཅིག་དང་འབུམ་ལྔ་ རེ་འབྱུང་བཞིན་ཡོད་ཅིང་།
ཚབས་ཆེན་རང་བཞིན་ཅན་གྱི་གྱོད་ གཞི་འབུམ་ལྔ་རེ་འབྱུང་གི་ཡོད། ༡༩༨༥ལོ་ལས་ལྡབ་དྲུག་གིས་འཕར་ཡོ ད་པའམ།
ཡང་ན་རྒྱལ་ཡོངས་སུ་སྐར་ཆ་ཉི་ཤུ་ རེའི་ཡུན་ལ་གྱོད་དོན་རེ་བྱུང་ཞི ང་།
སྐར་མ་གང་རེའི་ཡུན་ལ་གྱོད་དོན་ ཚབས་ཆེན་རེ་བྱུང་བ་རེད།
ཐེངས་འདིའི་ཚད་མཐོར་འཕར་བའི་ཉེ ས་བསགས་ལ་གྲངས་འབོར་ཆེ་བ་ལས་ གཞན།
ད་དུང་ངེས་པར་དོ་ཁུར་བྱེད་དགོས་ སའི་ཁྱད་ཆོས་གསར་བ་བཞི་ཡོད་དེ། ན་གཞོན་ཅན།
རྩ་འཛུགས་ཅན། འཁོར་སྐྱོད་ཅན། རིག་ནུས་ཅན་བཅས་ལྡན་པས་སོ།།ལོ་ རེ་བཞིན་ད་དུང་མི་ཚད་ལ་མ་ཕྱིན་ པའི་ན་ཆུང་ཆིག་འབུམ་ལྔ་ཁྲི་ནས་ ཉིས་འབུམ་ལས་བརྒལ་བ་ཙམ་གསོད་གཅོ ད་དང་འཕྲོག་བཅོམ་སོགས་ཀྱི་ལས་ལ་ ཞུགས་བཞིན་ཡོད་ཅིང་།
བྱེད་ཐབས་ཡ་ང་ཞིང་གདུག་རྩུབ་ཆེ་ བ་ཡང་མི་དར་མས་གྱོད་དོན་བཟོ་ཚུ ལ་ལས་ཅུང་ཟད་ཀྱང་མི་དམན་པར་འདུ ག་གོ།གཞན་ཡང་རྒྱལ་ཡོངས་ཉེས་ བསགས་ཀྱི་༦༠%ནི་སྤྱི་ཚོགས་གནོད་ སྐྱོན་གྱི་རང་བཞིན་ཧ་ཅང་ཆེ་བའི་ དཔུང་བརྡང་ཉེས་བསགས་ཁོངས་སུ་གཏོ གས།
དེ་ལས་ཀྱང་ཆེས་དངགས་སྐྲག་སྐྱེད་ པར་བྱེད་པ་ནི།
སྤྱི་ཚོགས་ནག་པོའི་རང་བཞིན་ལྡན་ པའི་ཉེས་བསགས་དཔུང་བརྡང་ཞིག་ཀྲུ ང་གོ་ན་མངོན་གསལ་དུ་འབྱུང་བཞིན་ འདུག་ལ།
འཇབ་རྒོལ་དོན་རྐྱེན་ཡང་དུས་དུས་ སུ་མང་དུ་འབྱུང་བཞིན་ཡོད་དོ།།གླ ོག་རྩིས་ལ་བརྟེན་ནས་ནག་ཉེས་བཟོ་ བས་མཚོན་གསར་བྱུང་རིག་ནུས་ཅན་གྱ ི་ཉེས་བསགས་ཀྱི་རྣམ་པའང་དུས་དང་ བསྟུན་ནས་འབྱུང་བཞིན་ཡོད།
ཡིད་བརྟོན་ཉམས་དམས་ཀྱིས་དྲངས་ པའི་རྩོད་པ་དང་གྱོད་གཞི་མང་བོ་ ཞིག་ཀྱང་དུས་རབས་གསར་བའི་སྤྱི་ ཚོགས་ཀྱི་གནད་དོན་གཙོ་བོ་ཞིག་ཏུ ་གྱུར་འདུག་གོ་ཞེས་བཤད་པས་སོ།།
༢༠༡༦ལོའི་ཟླ་༤ཚེས་༢༦ཉིན།
རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ ནས།
ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་ གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ ནུས་པ་ཡོད།༼༧༽
我认为藏地的水与佛法皆有救中国的作用(7)
འོ་ན་ཅིའི་ཕྱིར་ཀུན་སྤྱོད་ལ་དེ་ འདྲའི་ཉམ་ཆག་ཐེབས་པ་ཡིན་ཞེ་ན།
བསམ་བློ་སྟོང་གསོབ་ཏུ་གྱུར་བའི་ མཇུག་འབྲས་ཡིན་ནོ།།འོ་ན་ཅིའི་ཕྱ ིར་བསམ་བློ་དེ་ལྟར་སྟོང་གསོབ་ཏུ ་གྱུར་བ་ཡིན་ཞེ་ན།
དེ་ནི་ཡང་དག་པའི་དད་མོས་ཉམས་པའི ་མཇུག་འབྲས་ཡིན་ནོ།།གལ་ཏེ་མིའི་ རིགས་ལ་ཡང་དག་པའི་དད་མོས་ཤིག་མེ ད་པར་གྱུར་ན་ནི།
ཐལ་ཆེ་བའི་སྒེར་སེམས་དང་སྐམ་སྲེ ད་སོགས་ངན་རིགས་བརྒྱུད་མར་འཁོར་ བའི་གཅོང་ནད་འདི་གསོ་ཞིང་བཅོས་ པའི་བདུད་རྩི་སྨན་མཆོག་ཅིག་ཤིན་ ཏུ་རྙེད་དཀའ་བས།
རང་བཞིན་གྱིས་མུ་མཐུད་དུ་འབྱུང་ བར་འགྱུར་བ་ནི།
གནས་ལུགས་མཐོང་བའི་བློ་མིག་དང་། ཀུན་སྤྱོད་ཉམས་པར་འགྱུར་བ།
སྒྲིག་ལམ་འཁྲུགས་པར་འགྱུར་བ་སོ གས་ལས་མ་འདས་ཤིང་།
དེ་ལ་བརྟེན་ནས་བཙན་པོས་གཉོམ་ཆུ ང་ལ་ཐུབ་ཚོད་བྱེད་པ་དང་།
ལུགས་མེད་བཙན་དབང་དེ་གནས་ལུགས་ ཀྱི་ཚབ་ཏུ་འཇོག་པ་སོགས་ཡ་མ་གཟུ གས་ཀྱི་སྣང་ཚུལ་ཅི་ཡང་འབྱུང་བར་ འགྱུར་བ་ཉིད་དོ།།སེམས་ཀྱི་ནད་སེ ལ་བ་ལ་ཆེས་མཆོག་ཏུ་བསྔགས་པའི་སྨ ན་བཟང་བོ་ནི་ནང་བསྟན་ལས་ལྷག་པ་ ཞིག་མེད་ཅིང་།
སྒོམ་བསྒྲུབ་བྱེད་པའི་རྩ་ལག་ཡོ ངས་སུ་རྫོགས་པའི་སེམས་སྦྱོང་གི་ སྨན་མཆོག་ནི་བོད་བརྒྱུད་ནང་བསྟ ན་ལས་ལྷག་པ་ཞིག་ཀྱང་ཡོད་པ་མ་ཡི ན་ནོ།།དེའི་ཕྱིར་བོད་བརྒྱུད་ནང་ བསྟན་ནི་བསམ་བློ་སྟོང་གསོབ་དང་ ཀུན་སྤྱོད་ཉམས་ཆག་གི་ནད་ཀྱིས་ཡོ ངས་སུ་ཟིན་པའི་ཀྲུང་གོ་བ་ཐམས་ ཅད་སྐྱོབ་ཅིང་འཆོས་པར་བྱེད་པའི་ ཐུན་མིན་གྱི་སྨན་མཆོག་ཅིག་ཡིན་ ནོ།།
༢༠༡༦ལོའི་ཟླ་༤ཚེས་༢༦ཉིན། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ ནས།
༢༠༡༦ལོའི་ཟླ་༤ཚེས་༢༦ཉིན། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་
ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་
我认为藏地的水与佛法皆有救中国的作用(8)
གོང་དུ་བཤད་པ་ལྟར།
ད་ལྟའི་ཀྲུང་གོ་བ་ལ་ཆེས་དཀོན་པ་ ནི་རྒྱུ་དགེ་བ་ལས་འབྲས་བུ་བདེ་ བ་དང་།
རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་ བསྔལ་འབྱུང་བ་ཆོས་ཉིད་དུ་ཤེས་ པའི་རྒྱུ་འབྲས་བསླུ་མེད་དུ་རྟོ གས་པའི་བློ་དང་།
ཇ་ལན་འོ་མས་འཇལ་བར་འདོད་པའི་དྲི ན་གཟོའི་སེམས་དང་།
ལན་ལ་མི་བལྟ་བའམ་རང་དོན་ཡིད་བྱེ ད་ཀྱིས་མ་ལྷད་པའི་གཞན་ཕན་བསྒྲུ བ་པའི་བསམ་བློ་སོགས་ཡིན་པ་ནི་ཧ་ ཅང་གསལ་བོ་རེད།
དེས་ན་བསམ་བློའི་དཔལ་ཡོན་འཛུགས་ བསྐྲུན་ལ་ཤུགས་བསྣོན་བརྒྱག་དགོ ས་ཞེས་འུད་ཇི་ལྟར་བསྒྲགས་ཀྱང་།
གོང་དུ་བཤད་པའི་བསམ་བློ་ཡང་དག་ པ་དེ་དག་མེད་ན་ནི།
འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུ གས་བསྐྲུན་བྱེད་རྒྱུ་ཡིན་ཟེར་ བའི་རྨི་ལམ་སྐྱིད་པོ་དེ་ནམ་ཡིན་ ཡང་རྨི་ལམ་དུ་ལུས་རྒྱུ་ལས་མ་ འདས་པས།
ཕུགས་བསམ་དེ་མངོན་གྱུར་ཡོང་བའི་ ཆེད་དམ། ཀྲུང་གོ་བ་ཡོངས་ཀུན་སྤྱོད་ཉམས་ ཆག་དང་བསམ་བློ་སྟོང་གསོབ་ཏུ་གྱུ ར་བའི་དུས་རབས་ཀྱི་རིམས་ནད་འཇི གས་སུ་རུང་བ་འདི་ལས་སྐྱོབ་པའི་ ཆེད་དུ།
བསམ་བློ་ལེགས་བཅོས་བྱེད་པའི་བདུ ད་རྩི་སྨན་མཆོག་བོད་བརྒྱུད་ནང་ བསྟན་ལ་སློབ་སྦྱོང་བྱས་ན་མི་ཆོ ག་པ་ཅི་ཞིག་ཡོད་སྙམ་མོ།།གལ་ཏེ་ བོད་བརྒྱུད་ནང་བསྟན་ནི་བོད་རི གས་སྤུན་ཟླ་དང་འབྲེལ་ཡོད་པས་དེ འི་རིན་ཐང་ཁས་མི་ལེན་པ་ཡིན་ན་ནི །
བསམ་བློ་ཆེས་གུ་དོག་ཆེ་བ་ཞིག་སྟ ེ། འོ་ན་ནང་བསྟན་ཡང་ཐོག་མ་ཉིད་ནས་ ཀྲུང་གོ་བ་རང་ཉིད་ཀྱི་བསམ་བློ་ ལས་བྱུང་བ་ཞིག་མིན་པའི་རྒྱུ་ མཚན་གྱིས།
དེ་ལ་བསམ་བློའི་ཕོངས་པ་སེལ་བའི་ ནུས་པ་ཞིག་ཡོད་པ་དེ་ཡང་མིག་བཙུ མ་ནས་ཁས་མི་ལེན་པ་ཡིན་ནམ།
སྨན་ལ་ནད་བཅོས་པའི་ནུས་པ་ཡོད་ པའི་རྒྱུ་མཚན་གྱིས། མི་རིགས་དང་རྒྱལ་ཁབ་སོགས་ཀྱི་ དབྱེ་བ་མི་འབྱེད་པར་སུ་ལ་མཁོ་ན་ དེས་བསྟེན་རིགས་པས་ཐུན་མོང་ལ་ དབང་བ་ལྟར།
བོད་བརྒྱུད་ནང་བསྟན་ཡང་དེ་ལྟར་ ཅི་ལ་མིན།
༢༠༡༦ལོའི་ཟླ་༤ཚེས་༢༩ཉིན།
རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ ནས།
ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་གཉིས་ཆ་ལ་ཀྲུང་གོ་བ་སྐྱོབ་པའི་ནུས་པ་ཡོད།༼༩༽
我认为藏地的水与佛法皆有救中国的作用(9)
ད་ལྟའི་ཀྲུང་གོའི་རྒྱལ་ཁབ་ཀྱི་གཙོ་འཛིན་ཞིས་ཅིན་ཕིན་གྱིས་ཀྱང་།
འཛམ་གླིང་གི་ཆོས་ལུགས་ལ་མཚོན་ན་སྣ་མང་གི་རང་བཞིན་གལ་ཆེ་ཚུལ་རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀར་གཉིས་ཡང་ཡང་བཤད་དེ།
འཛམ་གླིང་ན་རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་ལྷག་ཡོད།
མི་རིགས་ཉིས་སྟོང་ལྔ་བརྒྱ་ལྷག་དང་ཆོས་ལུགས་སྣ་ཚོགས་པ་མང་བོ་ཡོད།
གལ་ཏེ་འཚོ་བ་རོལ་སྟངས་གཅིག་ཙམ་དང་། སྐད་རིགས་གཅིག་ཁོ་ན།
རོལ་དབྱངས་རིགས་གཅིག་ཉིད་དང་། གོས་རྒྱན་རིགས་གཅིག་ཁོ་ན་མ་གཏོགས་མེད་ན་ནི།
བསམ་བློ་གཏོང་ཐབས་མེད་པ་ཞིག་ཡིན་ངེས་སོཞེས་དང་། ཡང་། ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ།
ནང་བའི་ཆོས་ལུགས་དང་། དབྱི་སི་ལན་ཆོས་ལུགས།
ཡེ་ཤུའི་ཆོས་ལུགས་སོགས་སྔ་ཕྱིར་ཀྲུང་གོར་དར་བྱུང་བ་ཡིན་པས།
ཀྲུང་གོའི་རོལ་དབྱངས་དང་རི་མོ།
རྩོམ་རིགས་སོགས་ཀྱིས་ཀྱང་རྒྱན་མ་ཆད་པར་ཕྱི་འོངས་ཤེས་རིག་གི་ལེགས་ཆ་བླངས་པ་ཡིན་ཞེས་བཤད་པ་ནི།
དྲང་བདེན་དང་མཐོང་ཡངས་པའི་དན་རྟགས་རེད་སྙམ་མོ།།དེས་ན་འཛམ་གླིང་ལ་ཆོས་ལུགས་གཅིག་ཁོ་ན་དང་སྐད་རིགས་གཅིག་ཁོ་ན་གོམས་སྲོལ་གཅིག་ཁོ་ན་བྱེད་མི་དགོས་པ་བཞིན་དུ་ནང་རྒྱལ་འང་ཆོས་ལུགས་སམ་གྲུབ་མཐའ་དང་།
སྐད་ཡིག་སོགས་གཅིག་ཁོ་ན་སྒེར་སྤྱོད་བྱེད་མི་རིགས་པ་འདྲ་འདྲ་ཡིན་ལ།
འདས་ཟིན་པའི་ལོ་རྒྱུས་ལ་བལྟས་ན། ཀྲུང་གོ་བར་ཕྱི་འོངས་ཤེས་རིག་དང་ལེན་དང་ནང་འདྲེན་བྱེད་པའི་བློ་ཁོག་དང་སྙིང་སྟོབས་ཡོད་པས་ཀྲུང་གོའི་ཤེས་རིག་ཀྱང་འདི་ལྟར་ཕུན་སུམ་ཚོགས་པར་གྱུར་སོང་བ་བཞིན་དུ།
ད་ལྟའི་ཆ་ལའང་རྒྱལ་ཁབ་ནང་ཁུལ་གྱི་མི་རིགས་ཕན་ཚུན་བར་དྲང་བདེན་སྒོས་གཅིག་གཅིག་གི་ཤེས་རིག་དང་ལེགས་ཆ་དང་ལེན་དང་འདྲ་མཉམ་སྒོས་དར་སྤེལ་གཏོང་བའི་བློ་ཁོག་དང་སྙིང་སྟོབས་ཡོད་ན།
ཀྲུང་གོ་བ་ལ་ཁེ་ལས་གྱོང་མི་འབྱུང་བ་ཁོ་ཐག་ཡིན་སྙམ་མོ།།དེས་ན་རྒྱ་མི་སྤུན་ཟླའི་ཁྲོད་ཀྱི་ཆུ་བེད་ཆེད་ལས་པ་དག་གིས་བོད་ཀྱི་ཆུས་ཀྲུང་གོ་བ་སྐྱོབ་ནུས་ཚུལ་དཔྱད་བྱས་པ་བཞིན་དུ།
དཔྱད་བརྗོད་ཆེར་མ་བྱས་པའི་བོད་ཀྱི་ཆོས་འདིས་ཀྱང་ཀྲུང་བ་སྐྱོབ་ནུས་ཚུལ་གོང་དུ་བཤད་པ་ལྟར་ཡིན་པས།
བོད་ཀྱི་ཆུ་དང་ཆོས་གཉིས་ཀ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡང་ཀྲུང་གོ་བ་ཡོངས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཏུ་ཅི་ཕྱིར་མི་བརྩི་སྙམ་མོ།།
༢༠༡༦ལོའི་ཟླ་༥ཚེས་༢ཉིན།
རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ནས།
No comments:
Post a Comment