Thursday 13 June 2013

བོད་ཡུལ་དུ་བསྐྱོད་པ། སྤྱི་ལོ། ༢༠༡༣

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་
                      ཚོགས་ཆེན་མོ་འཁྲབ་སྟོན་ལེགས་འགྲུབ་བྱུང་།
   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་ཚིགས། 
མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་རླབས་ཕྲེང་དབྱངས་སུ་གྱེར་བའི་འགྱུར་ཁུགས་དང་བློན་པོ་གསེར་ཆེན་རི་བོའི་བརྗིད་ཉམས་གར་དུ་རྩེན་པའི་སྟངས་སྟབས་ལས།
མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ«གསེར་ཆེན་དཔང་བསྟོད་ཆེན་མོ»ཞེས་པ་སྤྱི་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་སྐྱིད་ཉིན་ལུང་རྒྱ་ཡེ་རྩྭ་ཐང་ནས་གཟབ་རྒྱས་ངང་འཁྲབ་སྟོན་བྱས་ནས་ལེགས་འགྲུབ་བྱུང་།
IMG_0385.JPG
«བོད་ཡུལ་དུ་བསྐྱོད་པ»ཞེས་པ་ནི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་བསྒྲུབས་པའི་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་བྱ་འགུལ་ཆེན་པོ་ཞིག་དང་། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གཞི་རིམ་དུ་བསྐྱོད་དེ་རྒྱ་ཆེའི་ཉན་མཁན་དང་ལྟ་མཁན་གྲོགས་པོ་རྣམས་ལ་གཅིག་སེམས་གཅིག་ཏུ་སྦྲེལ་བའི་སྤྲོ་ཚོགས་ཆེན་པོ་ཞིག་ཡིན་པར་མ་ཟད། རིག་རྩལ་འཁྲབ་སྟོན་གྱི་རྣམ་པའི་སྟེང་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། བོད་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ། ས་ཕྱོགས་སོ་སོའི་ཡུལ་སྲོལ་གོམས་འགྲོས་དང་དམངས་ཁྲོད་ཀྱི་ཕུལ་བྱུང་རིག་གནས་སྔོག་འདོན་བྱེད་པ་བཅས་ནི«བོད་ཡུལ་དུ་བསྐྱོད་པའི»བྱ་འགུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་རྩ་དོན་དང་དམིགས་ཡུལ་ཡིན། ཉིས་སྟོང་གསུམ་ལོར། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་རང་གི་འགན་འཁྲི་རུ་བརྩིས་ཏེ། ལོ་དེ་ནས་བཟུང་བོད་ཡུལ་དུ་བསྐྱོད་པའི་ལོ་རྒྱུས་བརྒྱུད་རིམ་དུ་ཞུགས། ད་ལྟའི་བར་དུ། ང་ཚོས་སྔ་གཞུག་ཏུ་ཐུན་རིན་རྫོང་དང་ཁྲི་ཀ་རྫོང་། ཆི་ལེན་རྫོང་། གུང་ཧོ་རྫོང་། ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་སོགས་དང་མཉམ་འབྲེལ་བྱས་ནས་བོད་ཡུལ་དུ་བསྐྱོད་པའི་གངས་ལྗོངས་མཆོད་བསྟོད་ཆེན་མོ་དང་། «བོད་ཡུལ་དུ་བསྐྱོད་པའི་རྨ་ཁུགས་དང་པོའི་ལྷན་འཛོམས།»  «བོད་ཡུལ་དུ་བསྐྱོད་པའི་རེབ་གོང་གསེར་མོ་ལྗོངས།» «བོད་ཡུལ་དུ་བསྐྱོད་པའི་རྨ་ཡུལ་ཁྲི་ཀའི་དཔྱིད་གསར» «བོད་ཡུལ་དུ་བསྐྱོད་པའི་རྟེན་འབྱུང་མདོ་ལ་རིང་མོ»སོགས་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་བྱ་འགུལ་ཆེན་པོ་སྤེལ། «བོད་ཡུལ་དུ་བསྐྱོད་པའི»བྱ་འགུལ་དེ་དག་སྤེལ་བ་ལས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གངས་ལྗོངས་ཡུལ་གྲུ་ཆེན་པོར་བསྐྱོད་པར་མ་ཟད། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱི་སེམས་ཁམས་སུའང་ཞུགས། «བོད་ཡུལ་དུ་བསྐྱོད་པ»ས་ཕྱོགས་གང་དུ་ཐོན་ནའང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། ལྟ་མཁན་གང་མང་ཞིག་ལམ་ཐག་རིང་པའི་དཀའ་ཁག་ལ་མི་འཛེམས་པར་ཉིན་འགའ་རེའི་སྔོན་ནས་འཁྲབ་སྟོན་ཡུལ་དངོས་སུ་ཡོང་ནས་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
«བོད་ཡུལ་དུ་བསྐྱོད་པའི»བྱ་འགུལ་དེ་སྤེལ་བ་ལས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མཉམ་དུ་རིག་རྩལ་གསར་རྩོམ་དང་དྲིལ་སྒྲོག་གི་ནུས་པའང་ཇེ་དྲག་ཏུ་བཏང་སྟེ། བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་དྲིལ་སྒྲོག་བཟང་ཆ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་གང་མང་གསར་རྩོམ་བྱས། དཔེར་ན། ཉིས་སྟོང་གསུམ་ལོའི«བོད་ཡུལ་དུ་བསྐྱོད་པའི་གངས་ལྗོངས་མཆོད་བསྟོད་ཆེན་མོའི»ནང་གི་གླུ་དབྱངས«ལོ་སར་བཟང»ཞེས་པ་དང་། ཉིས་སྟོང་བཞི་ལོའི«བོད་ཡུལ་དུ་བསྐྱོད་པའི་རྨ་ཁུགས་དང་པོའི་ལྷན་འཛོམས»ནང་གི་གླུ་དབྱངས«གངས་ཅན་པ»ཞེས་པ་དང་། རྟ་ཐོག་རྡུང་ལེན«རྒྱང་མདོག་གི་ཕ་ཡུལ»ཞེས་པ། འབྲོང་རྭའི་སྒྲ་བརྙན«རྟ་ནག་སྒྲོག་འགྲོས»ཞེས་པ། «བོད་ཡུལ་དུ་བསྐྱོད་པའི»བརྗོད་དོན་གླུ་དབྱངས«སེམས་ཀྱི་ལོག་ཕེབས»ལྟ་བུ་སོགས་ད་ལྟ་རྒྱུན་འབྱམས་སུ་འགྲོ་བཞིན་པའི་གླུ་དབྱངས་གང་མང་བརྩམས་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཡོད།
ཐེངས་འདིར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་དང་བློན་པོ་གསེར་ཆེན་རི་བོའི་འདབ་རོལ། སྐྱིད་ཉིན་ལུང་རྒྱ་ཡེ་རྩྭ་ཐང་ནས་བསྡུས་པའི་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས«གསེར་ཆེན་དཔང་བསྟོད་ཆེན་མོ»ཞེས་པ་འདི་བསྒྲུབས་པར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་ཁྲིད་རྣམ་པས་བྱེ་བྲག་ཏུ་མཛུབ་སྟོན་གང་མང་གནང་བར་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་གནང་བ་དང་། གུང་ཧོ་རྫོང་རབ་འོག་མ་སྡེ་བ་གཙོས་སྐྱིད་ཉིན་ལུང་ཚོ་བའི་སྡེ་བ་ཉེར་གཉིས་ཀྱིས་སྟོབས་ཤུགས་གང་མང་ཕུལ།
IMG_2196.JPG
གསེར་ཆེན་དཔང་བསྟོད་ཆེན་མོའི་གར་སྟེགས།
_MG_1500.JPG
འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།
IMG_0686.JPG
 འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།
IMG_0575.JPG
འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།
_MG_1507.JPG
འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།
IMG_0533.JPG
སྤྲོ་ཚོགས་ཀྱི་འགོ་འཛིན་པ་ལྷན་རྒྱས།
IMG_0519.JPG
ཅང་ཤེས་རྟ་ཕོའི་གོང་གི་འགོ་འཛིན་པ།
IMG_2107.JPG
གསེར་ཆེན་དཔང་བསྟོད་ཆེན་མོའི་སྔོན་འགྲོའི་ཞབས་བྲོ།
IMG_2136.JPG
རྡུང་ལེན་མཁན་པོ་དཔལ་མགོན།
IMG_0553.JPG
བློ་རྩེ་གཅིག་ཏུ་སྒྲིམ་པའི་ལྟད་མོ་བ།
IMG_0681.JPG
ལྟད་མོ་བའི་འདུ་འགོད།
IMG_2146.JPG
གླུ་མ་ཚེ་དབང་ལྷ་མོ།
IMG_2169.JPG
གཡང་ཕྱུག་འཚོའི་ལང་ཚོའི་འགྱུར་ཁུགས།
IMG_2178.JPG
གླུ་བ་གདུགས་དཀར་ཡག
IMG_2195.JPG
སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་གར་ཆུང་རྐྱང་བཤད་བྱེད་བཞིན་པ།
IMG_2203.JPG
གླུ་མ་དབྱངས་ཅན་ལྷ་མོ།
IMG_2228.JPG
སྣ་ཚོགས་གར་གྱི་སྟངས་སྟབས།
IMG_0422.JPG
གསེར་ཆེན་རི་བོའི་འདབས་ཀྱི་འགྱུར་ཁུགས།
IMG_0447.JPG
སྟག་ཤར་གཞོན་ནུས་གར་གྱི་སྟངས་སྟབས་བསྒྱུར།
IMG_0466.JPG
སྨན་ཆུང་བུ་མོས་ལང་ཚོའི་ཉམས་འགྱུར་ངོམས།
IMG_2231.JPG
བོད་རིགས་བུ་མོའི་ཉམས་འགྱུར།
IMG_2245.JPG
བོད་རིགས་བུ་མོའི་ཉམས་འགྱུར།
IMG_2261.JPG
གླུ་མ་ཀླུ་མོ་འཚོ།
IMG_2271.JPG
རྡུང་ལེན་མཉམ་ལེན།
IMG_2290.JPG
གླིང་འབྲུག་མོའི་ཚན་སྡེབ་ཀྱི་ལང་ཚོའི་གཟི་དཔལ།
 _MG_1560.JPG
གངས་ཅན་པ་སྒྲོལ་མ་སྐྱབས་ཀྱིས་སྤྲོ་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་ལེན་བཞིན་པ།
IMG_2357.JPG
དཔའ་རིས་རིག་འཛིན་སྒྲོལ་མ།
IMG_0472.JPG
བྲོ་ར་ཁྲ་མོ།
IMG_2369.JPG
དམངས་ཁྲོད་གླུ་བའི་ཉམས་སྣང་།
IMG_2374.JPG
དམངས་ཁྲོད་གླུ་མ་ཕག་མོ་སྒྲོལ་མ།
IMG_2402.JPG
གླིང་གེ་སར་རྒྱལ་པོའི་ལྷ་འཁྱམ།
IMG_2416.JPG
སྤྱི་དཔོན་རོང་ཚ་ཁྲ་རྒན།
IMG_2423.JPG
སྐྱ་ལོའི་སེང་ལྕམ་འབྲུག་མོ།
IMG_2460.JPG
གླུ་བ་ཆོས་རྒྱལ།
IMG_2486.JPG
ཨ་ཅེ་འབྲོག་མོ་སྒྲོལ་བྷེ།
IMG_2560.JPG
མཐོ་སྒང་བུ་མོའི་ལང་ཚོ།
IMG_2583.JPG
བོད་ཡུལ་དུ་བསྐྱོད་པའི་བརྗོད་དོན་གླུ་དབྱངས་ལེན་བཞིན་པ།
IMG_2585.JPG
སྣ་ཚོགས་བྲོ་ཡི་སྟངས་སྟབས།
IMG_0631.JPG
སྤྲོ་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།
IMG_2612.JPG
སྤྲོ་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།
IMG_2616.JPG
སྤྲོ་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།
IMG_2625.JPG
སྤྲོ་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།
_MG_1629.JPG
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ཧན་ཆིན་ཧྥུན་དང་། ཐེ་ཀྲང་གཞོན་པ་རྣ་བྷ་སོགས་འབྲེལ་ཡོད་འགོ་ཁྲིད་པས་འཁྲབ་སྟོན་མི་སྣར་ཕྱག་འཇུ་བྱེད་བཞིན་པ།
_MG_1631.JPG
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ཧན་ཆིན་ཧྥུན་དང་། ཐེ་ཀྲང་གཞོན་པ་རྣ་བྷ་སོགས་འབྲེལ་ཡོད་འགོ་ཁྲིད་པས་འཁྲབ་སྟོན་མི་སྣར་ཕྱག་འཇུ་བྱེད་བཞིན་པ།

No comments:

Post a Comment