Wednesday, 26 July 2017

དྲན་གདུང་། གཞས་ཚིག་ཅིག


ཡངས་མོའི་སྤང་གི་མ་ཏོག་ཆ།།
མཛའ་བརྩེའི་དབུ་ལྕང་མ་ཐུག་ལགས།།

        ང་དང་ཆུང་གྲོགས་མཛའ་བོའི།།
        བར་ཐག་རི་ཆུས་བཅད་ཡོད།།
        ཡིད་སེམས་གཅིག་ལ་འདྲིས་ཡོད།།
        ཕན་ཚུན་སྙིང་ནས་དྲན་ཡོད།།
        སེམས་ལ་གས་ག་ཐེབས་འགྲོ།།


    དགོང་སྔོན་དབྱིངས་ཀྱི་བྱེའུ་ཆུང་གཉིས།།
    མཛའ་བརྩེའི་གཤོག་རྡང་མ་སྦྲེལ་ལགས།།

        ང་དང་ཆུང་གྲོགས་མཛའ་བོའི།།
        བར་ཐག་རི་ཆུས་བཅད་ཡོད།།
        ཡིད་སེམས་གཅིག་ལ་འདྲིས་ཡོད།།
        ཕན་ཚུན་སྙིང་ནས་དྲན་ཡོད།།
        མིག་ལ་མཆི་མ་བསྐྱིལ་འགྲོ།།

    སྡེ་ཆེན་གྲོང་གི་གཞོན་ནུ་ཟུང་།།
    མཛའ་བརྩེའི་དཔུང་རྡང་མ་བསྒྲིག་ལགས།།

        ང་དང་ཆུང་གྲོགས་མཛའ་བོའི།།
        བར་ཐག་རི་ཆུས་བཅད་ཡོད།།
        ཡིད་སེམས་གཅིག་ལ་འདྲིས་ཡོད།།
        ཕན་ཚུན་སྙིང་ནས་དྲན་ཡོད།།
        གཞས་ལ་སྐྱོ་བ་འདྲེས་འགྲོ།།

 ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༠༥ ཉིན་བྲིས་ཤིང་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༠༧ ཚེས་ ༢༦ ཉིན་གྲུབ།


No comments:

Post a Comment