Tuesday 11 July 2017

བརྡལ།

 __ སྐྲན། དྷ་རམ་ཤཱ་ལ།

མེ་ཏོག་དཀར་དམར་རི་ལ་བརྡལ།། 
དེ་ཡི་སྟེང་ལ་ཟིལ་བ་བརྡལ།།
དེ་ཡི་ནང་ལ་གཟིགས་བརྙན་བརྡལ།།
དེར་སྟེང་གོམ་ཆུང་སེར་སྣས་བརྡལ།།


གསོམ་སྡོང་ཐང་ཤིང་རི་ལ་བརྡལ།།
དེ་ཡི་གསེབ་ལ་རླུང་བུ་བརྡལ།།
དེ་ཡི་ནང་ལ་དྲི་བསུང་བརྡལ།།
དེ་ཡང་དབང་ལྔའི་ཕུགས་ལ་བརྡལ།།

ཞོགས་པའི་ཉི་ཟེར་ས་ལ་བརྡལ།།
དེ་ཡི་སྟེང་ལ་གྲིབ་མ་བརྡལ།།
དེ་ཡི་ནང་ལ་དྲན་ཤིང་བརྡལ།།
དེ་ཡང་སྙིང་གི་དཀྱིལ་ལ་བརྡལ།།


༢༠༡༧།༠༧།༢༧ ཞོགས་པར།

No comments:

Post a Comment