Sunday 7 August 2016

ཕྱི་རོལ་མེད། མཐོང་ཐོས་ཀྱང་མེད།


____ ཆར་དུས་ཀྱིས་ལུས་སེམས་གཉིས་ཆ་བརླན་པར་བྲིས་པ

སྐྲན། [ རྒྱ་གར་བྱང་ཕྱོགས། ]

ཕྱི་རོལ་གྱི་འདུ་འཛི་གོ་བར་མི་བྱེད།
ཆར་བ་ཤག་ཤག

ཕྱི་རོལ་གྱི་མི་ཚོགས་ཀྱང་མཐོང་བར་མི་བྱེད།
སྨུག་པ་ལང་ལོང་།


ཕྱི་རོལ་གོ་བར་མི་བྱེད།
འཁུན་སྒྲ་ལྡབ་ལྡིབ།

ཕྱི་རོལ་མཐོང་བར་མི་བྱེད།
འཐམ་འཁྱུད་འགྲེ་ལྡོག

འཁུན་སྒྲ་བསྲེས་པའི་སྨྲ་བ་ལྡབ་ལྡིབ།
ཁྱོད་ཀྱི་རྣ་བར་ག་ལེར་ཞུགས་དུས།

ཕྱི་རོལ་དགོས་དོན་འདུག་གམ།
མཐོང་ཐོས་དགོས་དོན་འདུག་གམ།

25.07.2016

No comments:

Post a Comment