Wednesday 19 November 2014

སེམས་ཀྱི་ན་ཟུག





ཚིག ཐོར་རྒོད་པ་སྤྱན་ཆབ།

གདངས། ཚེ་རིང་སྒྲོན་མ།

གཞས་པ། ཚེ་རིང་སྒྲོན་མ།


ཁྱེད་རང་བསམ་ན་སེམས་ཀྱི་ན་ཟུག་རེད།།
ཁྱེད་རང་མཐོང་ན་མིག་གི་ན་ཟུག་རེད།།
ཁྱེད་རང་གླེང་དུས་རྣ་བའི་ན་ཟུག་རེད།།
ཉིན་མཚན་དཀར་ནག་སྒོ་ར་ཕྱི་ནང་དང་།།
ཁ་ཐག་རིང་ཐུང་སེམས་ཀྱི་བར་ཁྱམས་ནས།།
མདོར་ན་ཁྱེད་རང་ང་ཡི་ན་ཟུག་རེད།།


རྟ་ནོར་སྤང་ལ་བཀྲམས་པའི་དུས་ཚོད་དུ།།
ཁྱེད་རང་མི་མཐོང་བ་དེ་ན་ཟུག་རེད།།
ལུག་ཁྱུ་ཆུ་ལ་འཛོམས་པའི་བར་སྐབས་སུ།།
ཁྱེད་རང་མེད་པ་དེ་ནི་ན་ཟུག་རེད།།
མདོར་ན་ཁྱེད་རང་ང་ཡི་སེམས་ནང་གི།
དུས་བཞིའི་ཁྲོད་ཀྱི་ན་ཟུག་ངོ་མ་རེད།།

སྔ་མོར་ཉི་གཞོན་ཤར་བའི་དུས་ཚོད་དེར།།
ཁྱོད་ཀྱི་མཛེས་སྡུག་བསམ་ན་ན་ཟུག་རེད།།
དགུང་གི་ཟླ་བ་ཤར་བའི་བར་སྐབས་ལ།།
ཁྱོད་ཀྱི་དུང་སེམས་བསམ་ན་ན་ཟུག་རེད།།
མདོར་ན་ཁྱོད་རང་ང་ཡི་སེམས་ནང་གི།
མི་ཚེ་འདི་ཡི་ན་ཟུག་ངོ་མ་རེད།།
22/12/2012 22:57

No comments:

Post a Comment